གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

མཁལ་རྡོག་གཞི་ཚོགས་ལུ་ གྲོགས་རམ་འབད་ནི་གི་དོན་ལས་ དངུལ་ལོར་བསྡུ་ནི་གི་ལས་རིམ།

སྤྱི་ཟླ་༨ པའི་ཚེས་ ༢༩ ༢༠༡༦

One Ngultrum Initiative gathers steam༉ མཁལ་རྡོག་གི་ནདཔ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་དོན་ལས་ སྐྱེས་ལོ་༢༣ལང་མི་ འཇིགས་མེད་རྣམ་རྒྱལ་གྱིས་ དངུལ་ཀྲམ་གཅིག་འབད་མི་གི་ རྒྱབ་སྐྱོར་ལས་རིམ་ཅིག་ འགོ་བཙུགས་ཏེ་འདུག

འཇིགས་མེད་རྣམ་རྒྱལ་འདི་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ནང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཅིག་ཨིནམ་ད་ ཁོ་གིས་ ལས་རིམ་འདི་ཡང་ འདས་པའི་ཟླཝ་ནང་ལས་འགོ་བཙུགས་ནུག

ལས་རིམ་འདི་གི་ཐོག་ལས་ གྲོགས་རམ་སྦེ་ བསྡུ་ཡོད་མི་རྐྱང་ལོར་ཚུ་ཡང་ འབྲུག་མཁལ་རྡོག་གཞི་ཚོགས་ལུ་ རྒྱབ་སྐྱོར་འབད་ནི་གི་དོན་ལས་ཨིན་མས།

འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ བཀྲིས་རྣམ་རྒྱས་ཀྱིས་སླབ་མི་ནང་ གྲོགས་རམ་འདི་ནང་ལས་ཐོབ་པའི་མ་དངུལ་ཚུ་ཡང་ མཁལ་རྡོག་གི་ནདཔ་ཚུ་གི་དོན་ལས་ ཟ་འཐུང་གི་རིགས་དང་ མགོ་ལ་གི་རིགས་ དེ་ལས་ གཞན་མཁོ་ཆས་བའི་སྐྱ་རྣམ་གྱི་རིགས་ཚུ་ ཉོ་ནི་གི་དོན་ལས་ ལག་ལེན་འཐབ་ནི་ཟེར་བཤད་ཅི།

ད་ལྟོ་ཚུན་ཚད་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱིས་ ལས་རིམ་འདི་ནང་ལས་ དངུལ་ཀྲམ་སྟོང་ཕྲག་༦ལྷགཔ་ཅིག་ཐོབ་ནུག

འདི་བཟུམ་སྦེ་ ད་རེས་ཚུན་ཚོད་ཀྱི་བར་ན་ གཙོ་རིམ་འདི་ལུ་ རྐྱང་ལོར་འབད་མི་ གྲོགས་རམ་མཐོ་ཤོས་འདི་ར་ སྨན་ཁང་ཚོང་ཁང་བཙུགས་ཏེ་སྦེ་སྡོད་མི་ ཇར་ན་རའི་ཨིནམ་དང་ མོ་གིས་ རྐྱང་ལོར་གཅིག་འབད་མི་ སྟོང་ཕྲག་༣དེ་ཅིག་ གྲོགས་རམ་སྦེ་བྱིན་ནུག

རྐྱང་ལོར་གཅིག་འབད་མི་ཚུ་བསྡུ་ནི་གི་ ལས་རིམ་འདི་གིས་ དངུལ་ཀྲམ་གཅིག་འབད་མི་གི་ ཁག་ཆེ་ཧིང་གི་སྐོར་ལས་དང་ དངུལ་ཀྲམ་གཅིག་གི་སྦེ་ མཁལ་རྡོག་གི་ནདཔ་ ལེ་ཤ་ཅིག་གི་ མི་ཚེ་ནང་ལུ་ ཁྱད་པར་བཟོ་ནི་གི་ནང་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་སྤེལ་ནི་ལུ་ བལྟ་དོ་ཡོདཔ་ཨིན་མས།