གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དཔག་བསམ་ཁ་ལུ་ བྷ་ལུ་ཇོ་ར་ཟམ་དང་ གཞན་ཆརཔ་དང་ཆུ་རུད་ལས་བརྟེན་ཏེ་ མེདཔ་བཏང་ཡོད་མི་ཚུ་ གཟིགས་ཞིབ་གནང་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༧ ༢༠༡༦

HM-BholujoraBridge༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བྷ་ལུ་ཇོ་ར་ཟམ་དང་ གཞན་ཆརཔ་དང་ཆུ་རུད་ལས་བརྟེན་ཏེ་ མེདཔ་བཏང་ཡོད་མི་ཚུ་ གཟིགས་ཞིབ་གནང་ནི་གི་དོན་ལས་ དཔག་བསམ་ཁ་ལུ་ གཟིགས་བསྐོར་གནང་ཡོདཔ་ཨིན་མས།

ཆུ་ཁ་རྫོང་ཁག་འོག་གི་ རྒེད་འོག་ཚུ་ནང་ལས་ཕར་ གློག་མེ་མེད་པའི་དཀའ་ངལ་དང་ ཆུ་གཡུར་མེདཔ་བཏང་སྟེ་ཡོད་མི་ དེ་ལས་ སོ་ནམ་ཞིང་ལམ་འདི་ཚུ་བསུབ་ཡོད་པའི་ དཀའ་ངལ་ལེ་ཤ་ཅིག་ར་བྱུང་སྟེ་ཡོདཔ་ཨིན།

འདི་བཟུམ་སྦེ་ སྟུར་ས་དང་ སྡུ་སྟི་གཙང་ཚུ་གི་མཐའམ་བདའ་སྟེ་ ཆུ་བྱག་འདི་ཚུ་ བརྐྱབ་པའི་བསྒང་ར་ཡོདཔ་དང་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ གནོད་པ་ཁ་སྐོང་བྱུང་ཡོད་པའི་ སྙན་ཞུ་འདི་ཚུ་ག་ནི་ཡང་མེདཔ་ཨིན།

སྣུམ་འཁོར་འདི་ཚུ་ བརྒྱུན་འབྲེལ་འཐབ་མ་ཚུགས་པར་ བདུན་ཕྲག་གཅིག་དེ་ཅིག་ ལང་དོ་ཡོད་མི་དང་འབྲེལ་ དཔག་བསམ་ཁ་ལུ་ བཟོ་གྲྭ་འཕྲུལ་ཁང་ལ་ལུ་ཅིག་ རྒྱུ་ཆ་མེད་མི་ལས་བརྟེན་ཏེ་ སྒོ་བསྡམ་ཏེ་བཞག་དགོཔ་ཐོན་ཡོདཔ་ཨིན་མས།