གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ཆརཔ་མ་ཆད་པ་ར་བརྐྱབ་མི་ལས་བརྟེན་ སྣུམ་འཁོར་ལམ་འདི་ཚུ་བསུབ་སྟེ་ གཞི་བརྟེན་མཁོ་ཆས་ཚུ་ མེདཔ་བཏང་སྟེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༦ ༢༠༡༦

FloodGelegphu༉ རྒྱལ་ཁབ་ནང་ལུ་ འདས་པའི་ཉིམ་དག་པ་ཅིག་གི་རིང་ལུ་ ཆརཔ་མ་ཆད་པ་ར་བརྐྱབ་མི་ལས་བརྟེན་ཏེ་ སྣུམ་འཁོར་ལམ་འདི་ཚུ་བསུབ་སྟེ་ གཞི་བརྟེན་མཁོ་ཆས་ཚུ་ཕྱགས་འབགཔ་ལ་སོགས་པའི་ སྟབས་མ་བདེཝ་ལེ་ཤ་ཅིག་ར་ཐོན་ཏེ་ཡོདཔ་ཨིན།

ཆརཔ་མ་ཆད་པ་ར་བརྐྱབ་མི་ལས་བརྟེན་ཏེ་ གློག་མེ་འཕྲུལ་ཁང་ཚུ་ལུ་ ཕན་གནོད་ག་དེ་སྦེ་ར་ཡོདཔ་ཨིན་ན་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་བཀོད་མི་ནང་ གློག་མེ་འཕྲུལ་ཁང་ཚུ་ནང་ལུ་ གློག་མེ་འདི་ ཧེ་མ་ལས་ར་ ཚད་དང་བསྟུནམ་སྦེ་ར་བཟོ་དོ་ཡོདཔ་ལས་ ད་རེས་ ཆརཔ་མ་ཆད་པ་ར་བརྐྱབ་མི་འདི་གིས་ གློག་མེ་འཕྲུལ་ཁང་ཚུ་ལུ་ གློག་མེ་ཐེབས་སྦེ་བཟོ་ནི་གི་ ཕན་པ་ཅིག་ ག་ནི་ཡང་མེད་ཟེར་ཨིན་མས།

སྤྱི་ཟླ་༦པ་མཇུག་བསྡུ་ཁམས་ཅིག་ལས་འགོ་བཙུགས་ཏེ་ སྤྱི་ཟླ་༩པ་བར་ཁམས་ཚུན་ཚོད་ གློག་མེ་འཕྲུལ་ཁང་ཚུ་གིས་ གློག་མེ་བཟོ་ནི་གི་མཐོ་ཚད་ མེ་ག་ཝཏ་༡༧༤༠ ག་ར་བཟོ་ཚུགས་དོ་ཡོདཔ་ཨིན་མས།

ད་རེས་ གློག་མེ་བཟོ་བའི་བསྒང་འབད་མི་ གློག་མེ་འཕྲུལ་ཁང་ཚུ་ཡང་ ཏ་ལ་དང་ཆུ་ཁ་ དེ་ལས་ ཀུ་རི་ཆུ་དང་ བ་སོ་ཆུ་ འདི་བཟུམ་སྦེ་ དར་དཀར་ཆུ་གློག་མེ་འཕྲུལ་ཁང་ཚུ་ཨིན་མས།

གནད་དོན་འདི་གི་སྐོར་ལས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་སླབ་མི་ནང་ སྤྱི་ཟླ་དང་པ་ལས་༥ཚུན་གྱི་བར་ན་ ཆུ་ཡི་ཚད་ཉུང་སུ་འབད་མི་ལས་བརྟེན་ཏེ་ གློག་མེ་འཕྲུལ་ཁང་ཚུ་གིས་ གློག་མེ་ལངམ་སྦེ་བཟོ་མ་ཚུགས་པའི་དུས་ཚོད་ཁར་ ཆརཔ་བརྐྱབ་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་རུང་ འདི་བསྒང་ ཆརཔ་དེ་ཅིག་རང་ མི་རྐྱབ་པས་ཟེར་བཤད་ཅི།

ཆརཔ་འདི་གིས་ ཕན་ཐོག་ནི་མེན་པར་ ཏ་ལ་གློག་མེ་འཕྲུལ་ཁང་ནང་ལུ་འགྱོ་སའི་ལམ་འདི་བསུབ་ཏེ་སྦེ་དཀའ་ངལ་ཐོན་ཡོདཔ་ཨིན་རུང་ ལས་འཛིན་གྱིས་བཀོད་མི་ནང་ འཕྲུལ་ཁང་འདི་ནང་ལས་ གློག་མེ་བཟོ་ནི་གི་ལཱ་འདི་ལུ་ བར་ཆད་ག་ནི་ཡང་མ་བྱུང་ཟེར་ཨིན་མས།