གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ཤེ་ཏི་ཁ་རི་ཆུ་བྲེས་མི་ལུ་བརྟེན་ དགེ་ལེགས་ཕུག་ཁྲོམ་དང་ ལོ་ད་རི་གཡུས་ཚན་གཉིས་ འཐུད་འབྲེལ་འབད་མི་ཟམ་ཅིག་ འཕྱག་བདའ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༦ ༢༠༡༦

SetikhareyBridgeCollapses༉ ཁ་ཙ་དྲོ་པ་ ཆུ་ཚོད་༡༠་དེ་ཅིག་ཁར་ དགེ་ལེགས་ཕུག་ལུ་ ཤེ་ཏི་ཁ་རི་ཆུ་བྲེས་མི་ལུ་བརྟེན་ དགེ་ལེགས་ཕུག་ཁྲོམ་དང་ ལོ་ད་རི་གཡུས་ཚན་གཉིས་ འཐུད་འབྲེལ་འབད་མི་ཟམ་ཅིག་ འཕྱག་བདའ་སྟེ་སྦེ་འདུག

འདི་འབདཝ་ལས་ དགེ་ལེགས་ཕུག་ལས་ གཞལ་སྒང་ཁ་ཐུག་ལུ་ བརྒྱུན་འགྲུལ་འཐབ་མི་ཚུགས་དོ་ཡོདཔ་ད་ འདི་ཡང་ གཞལ་སྒང་དང་དགེ་ལེགས་ཕུག་གི་བར་ནའི་ གཞུང་ལམ་འཐུད་འབྲེལ་འབད་མི་ ཟམ་འདི་ལས་བརྒལ་མེད་མི་ལུ་བརྟེན་ཏེ་ཨིན་མས།

འདི་བཟུམ་སྦེ་ ཤེ་ཏི་ཁ་རི་ལུ་ཡོད་པའི་ གཡུས་ཚན་ནང་ལུ་ཡང་ ཆུ་ཁ་འགྱུར་འོང་སྟེ་སྦེ་ གཡུས་འདི་ནང་གི་ ཁྱིམ་དག་པ་ཅིག་ལུ་ གནོད་པ་རྐྱབ་སྟེ་སྦེ་འདུག

རོང་ཆུ་འདི་བྲེས་ཏེ་སྦེ་ གཡུས་འདི་ནང་ཁ་འགྱུར་འོང་པའི་སྐབས་ ས་གནས་འདི་ནང་གི་མི་ཚུ་ འབད་ཐབས་ག་ནི་ཡང་མེད་པར་ ཧམ་ཐལ་ཐལ་སྦེ་ ལུས་སོངཔ་ཨིན་མས།

འདི་འབདཝ་ལས་ གཡུས་འདི་ནང་གི་ ཁྱིམ་གུང་༡༣་དེ་ཅིག་གི་མི་སེར་ཚུ་ ཉེན་སྲུང་གི་ས་སྒོ་ནང་ལུ་ སྤོ་བཤུད་འབད་དགོཔ་འཐོན་ཏེ་སྦེ་འདུག

འདི་མ་ཚད་ ཆུ་རུད་འདི་ལས་བརྟེན་ གཡུས་འདི་ནང་ཡོད་པའི་ གློག་མེའི་འཕྲུལ་ཨམ་འདི་ཡང་ མེདཔ་བཏང་སྟེ་ཡོདཔ་ལས་ གློག་མེ་བཀྲམ་སྤེལ་མ་འབད་བར་ བཞག་སྟེ་ཡོདཔ་ཨིན་མས།

ཨིན་རུང་ དགེ་ལེགས་ཕུག་གི་ ས་མཚམས་འཛུལ་སྒོ་གི་ས་སྒོ་ནང་ལུ་ ཆུ་རུད་འཐོན་ཏེ་ཡོད་མི་འདི་ ཆུའི་ཚད་མར་ཕབ་འགྱོ་སྟེ་ཡོདཔ་ཨིན་རུང་ འགོ་དཔོན་ཚུ་གིས་སླབ་མི་ནང་ ད་རུང་ ཆརཔ་རྐྱབ་པ་ཅིན་ ལོག་སྟེ་རང་ ཆུ་རུད་འཐོན་འོང་ཟེར་བཤད་ཅི།

དགེ་ལེགས་ཕུ་ལས་ཕུན་ཚོགས་གླིང་དང་ཨཱ་སམ་བརྒྱུད་དེ་ བསམ་གྲུབ་ལྗོངས་མཁར་ཁ་ཐུག་ལུ་ འགྲོ་འགྲུལ་འབད་ནི་ནང་ དཀའ་ངལ་ག་ནི་ཡང་མེདཔ་ཨིན་མས།