གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཕུན་ཚོགས་གླིང་ལུ་ཕེབས་ཏེ་ ཆུ་རུད་ལས་བརྟེན་ཏེ་ གནོད་སྐྱོན་བྱུང་ཡོད་སའི་ས་གནས་ཚུ་ནང་ལུ་ གཟིགས་ཞིབ་གནང་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༦ ༢༠༡༦

HM-FloodDamagedSites-Pling ༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཁ་ཙ་ དགེ་ལེགས་ཕུག་ལས་སྦེ་ ཕུན་ཚོགས་གླིང་ལུ་ཕེབས་ཏེ་ ཆུ་རུད་ལས་བརྟེན་ཏེ་ གནོད་རྐྱེན་བྱུང་ཡོད་སའི་ས་གནས་ཚུ་ནང་ལུ་ གཟིགས་ཞིབ་གནང་དོ་ཡོདཔ་ཨིན།

HM-FloodDamagedSites-Pling--མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཕྱག་ཞུ་སྟེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཡོདཔ་ཨིན།

ཆརཔ་མ་ཆད་པར་རང་རྐྱབ་མི་ལུ་བརྟེན་ ཕུན་ཚོགས་གླིང་གི་ཁྲོམ་བརྒྱུད་དེ་འགྱོ་མི་ དུ་སྟི་གཙང་ཆུ་གི་ཚད་འདི་ ཡར་སེང་འགྱོ་སྟེ་སྦེ་འདུག

འདི་འབདཝ་ལས་ སྟུར་ས་དང་དུ་སྟི་ཆུ་གཉིས་ཆ་རའི་ ཆུའི་མཐའམ་བདའ་སྟེ་ ཆུ་རུད་བཀག་ཐབས་འབད་ནི་གི་དོན་ལས་ ཉེན་སྲུང་གི་ལཱ་ཚུ་ འབད་བའི་བསྒང་རང་ཡོདཔ་ཨིན།

སྟུར་ས་ཆུ་གི་མཐའམ་བདའ་སྟེ་ ཁས་བླང་པ་ཚུ་གིས་ ཆུ་རུད་བཀག་ཐབས་འབད་ནི་གི་དོན་ལས་ ལག་པ་ག་ཅི་ཚུདཔ་ཅི་ ཉེན་སྲུང་གི་ལཱ་ཚུ་འབད་བའི་བསྒང་འདུག

ཁྲོམ་སྡེ་འགོ་དཔོན་ཚུ་གིས་ འགོ་འཁྲིདཔ་འབད་དེ་ ཁས་བླང་པ་བརྒྱ་ལྷགཔ་ཅིག་གིས་ ཁ་ཙ་འབདཝ་ད་ ཉེན་སྲུང་གི་ལཱ་འབད་དེ་ ཉིམ་༣་འགྱོ་དོ་ཡོདཔ་ཨིན།

སྟུར་ས་ཆུ་གི་ཤུལ་ལས་རང་ ད་རིས་ དུ་ཏི་ཆུ་འདི་ཡང་བྲེས་སྦེ་ ཉེན་ཁག་ཅན་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་མས།

ཨིན་རུང་ ཉི་མ་ཁམས་ཅིག་ཁར་ ཆརཔ་ཆད་མི་ལས་བརྟེན་ཏེ་ ཆུའི་ཚད་འདི་མར་ཕབ་འགྱོ་སྟེ་ཡོདཔ་ལས་ མིའི་ཚེ་སྲོག་ལུ་ བར་ཆད་ག་ནི་ཡང་མ་བྱུངམ་ཨིན་མས།

ཕུན་ཚོགས་གླིང་ལུ་ འདས་པའི་བདུན་ཕྲག་གཅིག་དེ་ཅིག་ ཆརཔ་མ་ཆད་པར་རང་རྐྱབ་མི་ལུ་བརྟེན་ ཕུན་ཚོགས་གླིང་དང་པ་ས་ཁ་གི་ ས་གནས་ལ་ལུ་ཅིག་ནང་ལས་ཕར་ འཐུང་ཆུ་མ་ལང་པའི་དཀའ་ངལ་ འཐོན་ནི་འགོ་བཙུགས་ཏེ་ཡོདཔ་ཨིན་མས།

ཨིན་རུང་ ཁྲོམ་སྡེ་འགོ་དཔོན་ཚུ་གིས་སླབ་མི་ནང་ འཐུང་ཆུའི་དཀའ་ངལ་འདི་ ག་དེ་མགྱོགས་མགྱོགས་ སེལ་འོང་ཟེར་བཤད་ཅི།

ཆུའི་མཐའམ་བདའ་སྟེ་ ཉེན་སྲུང་གི་ལཱ་འབད་ས་ལུ་ ནང་སྲིད་དང་སྲོལ་འཛིན་བློན་པོ་ ཟླ་ཝ་རྒྱལ་མཚན་ཡང་ཡོདཔ་ཨིན་མས།