གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

རྒྱལ་ཡོངས་ཚོགས་སྡེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་འབྲེལ་བའི་ རྒྱབ་སྣོན་ཚུ་གི་གྲལ་ལས་ཅིག་འདི་ རྩོད་གཞི་ཚུ་གི་ཐོག་ལུ་ ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་གནང་མི་འདི་ ལྗོན་ཐངས་ཅན་ཅིག་སྦེ་ ལག་ལེན་འཐབ་ནི་མེད་མི་འདི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༦

Court'sJudgementonACCcases༉ ད་རེས་ཀྱི་ རྒྱལ་ཡོངས་ཚོགས་སྡེ་གི་ཚོགས་བཞུགས་ནང་ལས་ རྒྱབ་སྣོན་ཁག་ཆེ་ཤོས་ཅིག་འདི་ དམིགས་བསལ་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་འབྲེལ་བའི་ རྩོད་གཞི་ཚུ་གི་ཐོག་ལུ་ ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་གནང་མི་འདི་ ལྗོན་ཐངས་ཅན་ཅིག་སྦེ་ ལག་ལེན་འཐབ་ནི་མེད་མི་འདི་ཨིན་མས།

ཁྲིམས་ཀྱི་འདུན་ས་ལས་གནང་མི་ འཁྲུན་ཆོད་ནང་ལུ་ ཉེས་ཅན་སྦེ་ཐོན་མི་ མི་ངོམ་འདི་གི་རྒྱུ་དངོས་དོག་གཏད་ཚུ་ གཞུང་བཞེས་འབད་དགོཔ་སྦེ་ ཡོད་དེ་འབད་རུང་ བརྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཁ་ཐུག་ལས་ འཁྲུན་ཆོད་དང་འཁྲིལ་ ལཱ་མ་འབད་བ་ཡོདཔ་སྦེ་ མཐོང་སྟེ་འདུག

ཨིན་རུང་ བརྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ལས་ འགོ་དཔོན་ཚུ་གིས་བཤད་མི་ནང་ འཁྲུན་ཆོད་དང་འཁྲིལ་ལཱ་འབད་བ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་ཅན་མི་ངོམ་འདི་གི་ རྒྱུ་དངོས་དོག་གཏད་ཚུ་ ཧེ་མ་ཞིབ་དཔྱད་འབད་བའི་ཚེ་ལས་ར་ གཞུང་བཞེས་འབད་དེ་འོང་དོ་ཡོད་པལས་ མགུ་ཐོམ་སི་སི་ཅིག་འདུག་ཟེར་ཨིན་མས།

དེ་འབདཝ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བར་ན་ འོས་འབབ་ལྡན་པའི་ ཐབས་ཤེས་བྱ་རིམ་ཅིག་མེད་ནི་འདི་གིས་ འཁྲུན་ཆོད་དང་འཁྲིལ་ ལཱ་འབད་མི་ཚུགས་པས་ཟེར་ཨིན་མས།

ད་རུང་ གནད་དོན་གཅིག་འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ལུ་ འཁྲུན་ཆོད་ལག་ལེན་འཐབ་ནི་གི་ལས་སྡེ་འདི་ ཟླཝ་གསུམ་དེ་ཅིག་གི་ཧེ་མ་ལས་རྐྱངམ་ཅིག་ གཞི་བཙུགས་འབད་ནི་འདི་གིས་ ད་ལྟོ་ འདི་དང་འདི་ཟེརཝ་ཅིག་ ག་ནི་ཡང་འབད་མི་ཚུགས་པས་ཟེར་ཨིན་མས།

ཨིན་རུང་ ལས་སྡེ་འདི་གིས་ ད་རེས་འཕྲལ་ཁམས་ཅིག་ལས་ འཁྲུན་ཆོད་གནང་མི་ཚུ་འདི་ འོས་འབབ་དང་ལྡནམ་སྦེ་ར་ ལག་ལེན་འཐབ་ཏེ་ཡོད་ཟེར་ཨིན་མས།