གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

རྒྱལ་ཁབ་ནང་ལུ་ མགྱོགས་པ་རང་ དེང་སང་འཕྲུལ་རིག་གི་ གནམ་གཤིས་སྔོན་རྟགས་དང་ ཉན་བརྡའི་ལམ་ལུགས་གཅིག་འོང་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༦

EarlyWeatherWarningSustem༉ དུས་ཅི་གི་ལོ་ མཇུག་བསྡུ་བའི་བསྒང་ལས་ འབྲུག་རྒྱལ་ཁབ་ནང་ལུ་ དེང་སང་འཕྲུལ་རིག་གི་ གནམ་གཤིས་སྔོན་རྟགས་དང་ ཉན་བརྡའི་ལམ་ལུགས་གཅིག་འོང་ནི་ཨིན་མས།

འཕྲུལ་ཆས་འདི་གིས་ རྒྱལ་ཁབ་ནང་འཁོད་ལུ་ གནམ་གཤིས་དང་ བསིལ་དྲོད་ཀྱི་གནས་སྟངས་ཚུ་ སྔོན་རྟགས་འབད་ནི་ལུ་ ཕན་ཐོགས་བྱུང་ཚུགས་ཟེར་བཤད་ཅི།

གནམ་གཤིས་སྔོན་རྟགས་དང་ ཉེན་བརྡའི་ལམ་ལུགས་ཀྱི་འཕྲུལ་ཆས་འདི་ཡང་ སྡོམ་གྱིས་༩༩་བཙུགས་ནི་ཨིནམ་ད་ འདི་ཡང་ རྒྱལ་ཁབ་ཀྱི་ས་གནས་ ཁག་ཚུ་ནང་ལས་ཕར་ བཙུགས་ནི་ཨིན་མས།

འཕྲུལ་ཆས་ཚུ་བཙུགས་ཚར་ཞིནམ་ལས་ འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་སྤྱིའི་གནམ་གཤིས་ཚོགས་པའི་ བརྒྱུད་འབྲེལ་ལམ་ལུགས་དང་ མཐུད་དེ་སྦེ་ གནམ་གཤིས་སྔོན་རྟགས་ཀྱི་བརྡ་དོན་ཚུ་ དུས་ཐོག་ལུ་ བཏོན་ཚུགས་ནི་ཨིན་མས།

བསྟན་རྒྱས་ལྷན་ཁག་འོག་གི་ ཆུ་དང་གནམ་གཤིས་རྟགས་དཔྱད་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཕུན་ཚོགས་རྣམ་རྒྱལ་གྱིས་སླབ་མི་ནང་ བརྡ་དོན་འདི་ཚུ་ལས་བརྟེན་ ཉེན་ཁག་ཡོད་པའི་ མི་སྡེ་ཚུ་ལུ་ ཉན་བརྡ་ཚུ་ཧེ་མ་ལས་བྱིན་ནི་ལུ་ ལྷན་ཐབས་བྱུང་འོང་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ད་རེས་ ལཱ་ཧ་ལམ་ཅིག་ འབད་ཚར་ཏེ་ཡོད་ཟེར་ཨིནམ་ད་ འཕྲུལ་ཆས་བཙུགས་ནིའི་ལཱ་ཚུ་ ཤུལ་མའི་ཟླཝ་ནང་ལས་ འགོ་བཙུགས་འོང་ཟེར་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ གནམ་གཤིས་ཀྱི་ལྟེ་བ་མ་འདྲཝ་༡༣༠་ལྷགཔ་ཅིག་འདུག

གནམ་གཤིས་སྔོན་རྟགས་ཀྱི་ འཕྲུལ་ཆས་གསརཔ་ཚུ་ཡང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་ རྒྱལ་སྤྱི་མཐའ་འཁོར་མཐུན་རྐྱེན་གྱི་ རྒྱབ་བསྐྱོར་ཡུ་ཨེས་དྲོ་ལར་ས་ཡ་༤་ཟད་འགྲོ་བཏང་སྟེ་ གཞི་བཙུགས་འབདཝ་ཨིན་མས།