གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

གཞུང་གི་ཡིག་ཚང་ཁག་ཚུ་ནང་ལས་ དངུལ་རྩིས་ལྷན་ཁག་ལུ་ གཞུང་གི་སྣུམ་འཁོར་༩༢ རྩིས་སྤྲོད་འབད་དེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༦

GovtVehicleSurrendered༉ དུས་ཅི་ སྤྱི་ཟླ་དང་པའི་ནང་འཁོད་ལུ་ གཞུང་གི་ཡིག་ཚང་ཁག་ཚུ་ནང་ལས་ དངུལ་རྩིས་ལྷན་ཁག་ལུ་ གཞུང་གི་སྣུམ་འཁོར་༩༢ རྩིས་སྤྲོད་འབད་དེ་སྦེ་འདུག

འདི་ཡང་ ན་ཧིང་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ནང་ལས་ དུས་ཅི་ ལོ་འགོ་བཙུགས་ཁམས་ལུ་ གཞུང་གི་སྣུམ་འཁོར་ཚུ་ ལོག་སྟེ་ རྩིས་སྤྲོད་འབད་དགོཔ་སྦེ་ སླབ་སྟེ་ཡོད་མི་དང་འཁྲིལ་ཏེ་ཨིན་མས།

ལྷན་རྒྱས་གཞུང་ཚོགས་ཀྱིས་ ལམ་སྟོན་དང་ཁྲིདཔ་ད་ རྒྱལ་ཁབ་ནང་ལུ་ གཞུང་གི་ཡིག་ཚང་ཁག་ཚུ་ནང་ལས་ཕར་ ལོ་༡༥་ལྷགཔ་ཅིག་ ལག་ལེན་འཐབ་སྟེ་ཡོད་མི་ གཞུང་གི་སྣུམ་འཁོར་༢༨༩ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ ལོ་༡༥་ལྷགཔ་ཅིག་ ལག་ལེན་འཐབ་སྟེ་ཡོད་པའི་ གཞུང་གི་སྣུམ་འཁོར་ཚུ་ དངུལ་རྩིས་ལྷན་ཁག་འོག་གི་ རྒྱལ་ཡོངས་རྒྱུ་ཆ་ལས་ཁུངས་ལུ་ རྩིས་སྤྲོད་འབད་དགོཔ་སྦེ་ཨིན་མས།

འདི་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ལམ་སྟོན་དང་འཁྲིདཔ་ད་ དེ་སྦེ་ སྣུམ་འཁོར་རྙིངམ་ཚུ་ ལོག་བསྡུ་ལེན་འབད་དགོ་མི་འདི་ཡང་ གཞུང་གི་འགོ་དཔོན་ཚུ་ལུ་ ཉེན་སྲུང་གི་དོན་ལས་ཨིན་ཟེར་ བཀོད་དེ་སྦེ་འདུག

འདི་བཟུམ་སྦེ་ ལམ་སྟོན་དང་འཁྲིདཔ་ད་ ད་རེས་ གཞུང་གི་བསྡུ་ལེན་འབད་དེ་ཡོད་པའི་ སྣུམ་འཁོར་ཚུ་གི་ཚབ་ལུ་ སྣུམ་འཁོར་གསརཔ་ མི་བཙུགས་ནི་ཨིན་མས།

དེ་སྦེ་ སྣུམ་འཁོར་རྙིངམ་ཚུ་ ལོག་བསྡུ་མི་འདི་ཡང་ དངུལ་ཕོག་ལྷན་ཚོགས་ཀྱིས་ གྲོས་འདེབས་ཕུལཝ་བཞིན་དུ་ གཞུང་གི་ཁ་ཐུག་ལས་ སྣུམའ་ཁོར་ཚུ་ གོ་རིམ་བཞིན་དུ་ བསྡུ་ནི་སྦེ་ཐག་བཅད་ཡོདཔ་ཨིན་མས།