གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

ཀྲོང་གསར་ལུ་ རྔ་བཟོ་མི་ མི་ངོམ་ཕུད་རྡོག་གཉིས་ལས་བརྒལ་མེདཔ།

སྤྱི་ཟླ་༦ པའི་ཚེས་ ༢༢ ༢༠༡༦

NgaMaking-Trongsa-༉ ཀྲོང་གསར་ལུ་ རྔ་བཟོ་མི་འདི་ བྲག་སྟེང་རྒེད་འོག་ རེ་འཕེལ་གཡུས་ཚན་ནང་ལུ་ ཕོ་སྐྱེས་གཉིས་ལས་བརྒལ་མིན་འདུག

འདི་འབདཝ་ལས་ རིག་རྩལ་འདི་ མ་འོངས་པའི་ནང་ལུ་ བརྒྱུན་མ་ཆད་པར་ ག་དེ་འབད་བཞག་ཚུགས་ག་ཟེར་བའི་ཚ་གྱལ་ཡོདཔ་ཨིན་མས།

རེ་འཕལ་ལུ་ རྔ་བཟོ་ནི་ནང་ བརྩོན་ཤུགས་སྐྱེད་མི་ཅིག་འདི་ སྐྱེས་ལོ་༧༤་ལང་མི་ ནག་མདོག་ཨིནམ་ད་ ཁོ་གིས་སླབ་མི་ནང་ ད་རེས་ནངས་པར་ ན་གཞོན་ཚུ་གིས་ རྔ་བཟོ་ནི་གི་ རིག་རྩལ་ལྷབ་ནི་ལུ་ སྤྲོ་བ་སྐྱེད་ མི་བཏུབ་པས་ཟེར་ཨིན་མས།

Get the Flash Player to see the wordTube Media Player.

ཨིན་རུང་ རྔ་བཟོ་ནི་གི་ལཱ་འདི་ ཁེ་བསང་ཆེ་བའི་ལཱ་ཅིག་ཨིནམ་མ་ཚད་ རང་ལུགས་ཀྱི་བཟོ་རིག་བདག་འཛིན་འཐབ་ནི་གི་ལཱ་ཅིག་ཡང་ཨིནམ་སྦེ་ བཤད་ཅི།

ནག་མདོག་གིས་ རྔ་བཟོ་སྟེ་སྦེ་ ལོ་རེ་ནང་ དངུལ་ཀྲམ་འབུམ་༢དང་༣གི་བར་ན་ བཟོ་ཚུགས་དོ་ཡོདཔ་ཨིན་མས།

ནག་མདོག་གིས་ རྔ་བཟོ་ནི་གི་དོན་ལས་ ཤིང་འདི་ རེ་འཕེལ་གཡུས་ཚན་གྱི་ཚལ་མ་ནང་ལས་རང་ཐོབ་དོ་ཡོད་རུང་ ཀོཝ་འདི་ རྒྱ་གར་གྱི་ས་གནས་ ཇཱའི་གོང་ལས་ འབག་འོང་དོ་ཡོདཔ་ཨིན་མས།

ནག་མདོག་གིས་ རྔ་བཟོ་ནི་གི་ལཱ་འདི་ ཁོ་རའི་མི་ཚེ་ཅིག་འདི་ འཕྲོ་འཐུད་དེ་ར་འབད་ནི་ཟེར་ཨིན་རུང་ ཁོ་མེད་པའི་ཤུལ་ ཉམས་མ་བཅུག་པར་ ག་དེ་སྦེ་བཞག་ཚུགས་ག་ཟེར་བའི་ ཚ་འགྱང་ཡོད་ཟེར་བཤད་ཅི།