གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ལྷུན་རྩེ་ལུ་ སློབ་རིམ་༡༢་པ་མཇུག་བསྡུ་མི་ཚུ་གིས་ཡང་ སྐྱིད་ཤུད་ཐགས་ར་འཐག་སྡོད་ནི་འགོ་བཙུགས་ཏེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༣ ༢༠༡༦

Kishuthara-Lhuentse༉ ལྷུན་རྩེ་རྫོང་ཁག་ མཁོ་མ་རྒེད་འོག་ ཉ་ལམ་གདུང་གཡུས་ཚན་ནང་ལས་ སློབ་རིམ་༡༢པ་མཐར་འཁྱོལ་མི་ བུམོ་བདུན་གྱིས་ ལཱ་གཡོག་འཚོལ་ནི་ལུ་མ་བལྟ་བར་ ཁོང་རའི་གཡུས་ཁར་ལོག་འགྱོ་ཞིནམ་ལས་ སྐྱིད་ཤུད་ཐགས་ར་འཐག་ནི་ལུ་ དམ་ཁ་བརྐྱབ་སྟེ་འདུག

འདི་བཟུམ་གྱི་ཐག་ལཱ་ལུ་གཙོ་བོར་བསྟེན་མི་ཅིག་འདི་ འཇིགས་མེད་ལྷ་སྒྲོན་ཨིནམ་ད་ མོ་གིས་ སྐྱིད་ཤུད་ཐགས་ར་ ལྷབ་ནི་གི་དོན་ལས་ ལོ་གཅིག་དེ་ཅིག་ལས་མ་འགོར་བས།Kishuthara-Lhuentse-

མོ་གིས་སླབ་མི་ནང་ དཔེ་ཆ་འཕྲོ་མཐུད་ལྷབ་ནི་གི་གོ་སྐབས་མ་ཐོབ་རུང་ ཐག་ལཱ་འདི་ལས་བརྟེན་ཏེ་ མི་ཚེ་སྐྱོང་མ་ཚུགསཔ་ཅིག་ མིན་འདུག་ཟེར་བཤད་ཅི།

འཇིགས་མེད་ལྷ་སྒྲོན་གྱིས་ ད་རེས་ སྐྱིད་ཤུད་ཐགས་ར་འཐག་སྟེ་སྦེ་ ལོ་རེ་ནང་ འོང་འབབ་ དངུལ་ཀྲམ་འབུམ་གཉིས་ལྷགཔ་རེ་ བཟོ་ཚུགས་དོ་ཡོདཔ་ཨིན་མས།

ཁོང་ བུམོ་ཆ་ཁྱབ་ཀྱིས་ ལོ་རེ་ནང་ སྐྱིད་ཤུད་ཐགས་ར་ ༤དེ་རེ་ཐགས་དོ་ཡོདཔ་དང་ སྐྱིད་ཤུད་ཐགས་ར་ རེ་རེ་གིས་ དངུལ་ཀྲམ་སྟོང་ཕྲག་༦༠ལས་ འབུམ་གཅིག་གི་བར་ན་ ཐོབ་དོ་ཡོདཔ་ཨིན་མས།

སྐྱིད་ཤུད་ཐགས་ར་ཚུ་ཡང་ མང་ཤོས་ཅིག་ ཐིམ་ཕུག་དང་ སྤ་རོ་ལས་ཕར་ བཙོང་དོ་ཡོདཔ་ཨིན་མས།

ཉ་ལམ་གདུང་གཡུས་ཚན་འདི་ཡང་ ཉེ་འདབས་ཀྱི་འཁོར་ལམ་ལས་ དུས་ཡུན་ཆུ་ཚོད་གཅིག་དེ་ཅིག་ འགྱོ་དགོ་པའི་ས་ཁར་ཆགས་ཏེ་འདུག