གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

དབང་འདུས་ཕོ་བྲང་དང་ ཀྲོང་གསར་གྱི་གཞུང་ལམ་ཁར་ ཟམ་གསརཔ་གསུམ་རྐྱབ་ནི་གི་དོན་ལས་ ས་ལྷང་རྟེན་འབྲེལ་བརྩི་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༦

Three bridges to be constructed along the Eastern Highway༉ དབང་འདུས་ཕོ་བྲང་དང་ ཀྲོང་གསར་གྱི་གཞུང་ལམ་ཁར་ ཟམ་གསརཔ་༣་བརྐྱབ་ནི་ཨིན་མས།

ཟམ་ཚུ་ཡང་ ཇ་པཱན་གཞུང་གིས་ ཟད་འགྲོ་དངུལ་ཀྲམ་ ས་ཡ་སྟོང་ཕྲག་༡་བཏང་སྟེ་སྦེ་ བརྐྱབ་ནི་ཨིན་མས།

འདི་ཡང་ འབྲུག་དང་ ཇ་པཱན་གཞུང་གཉིས་ཀྱི་བར་ན་ དོན་གཅོད་ཀྱི་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༣༠་འཁོར་བའི་དུས་སྟོན་ བརྩི་སྲུང་ཞུ་ནི་གི་དོན་ལས་ཨིན་མས།

དབང་འདུས་ཕོ་བྲང་དང་ ཀྲོང་གསར་གྱི་གཞུང་ལམ་ཁར་ ཟམ་གསརཔ་ཚུ་རྐྱབ་ནི་གི་དོན་ལས་ དབང་འདུས་ཕོ་བྲང་གི་ས་གནས་ ཆུ་འཛོམས་ས་ལུ་སྦེ་ གཟའ་ཟླཝ་གི་ཚེས་ ས་ལྷང་རྟེན་འབྲེལ་རྩིས་ནུག

ས་ལྷང་རྟེན་འབྲེལ་གྱི་ནང་ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་དང་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ཚོགས་པའི་ ངོ་ཚབ་གཙོ་འཛིན་ ཀོ་ཇི་ཡ་མ་ད་གཉིས་བྱོན་ནུག

ཟམ་ཚུ་ཡང་ག་རང་ རིང་ཚད་མི་ཀྲར་༤༥་དེ་རེ་དང་ རྒྱ་ཚད་མི་ཀྲར་༧་དེ་ཅིག་ འོང་ནི་ཨིན་མས།

འདི་བཟུམ་སྦེ་ ཟམ་ཚུ་ཡང་ ཆུ་འཛོམས་ས་དང་ནི་ཀ་ཆུ་ དེ་ལས་ གཟར་ལམ་ཆུ་ཚུ་གུ་ལུ་ བརྐྱབ་ནི་ཨིནམ་ད་ ཟམ་འདི་ཚུ་གུ་ལས་ ཕྱོགས་གཉིས་ཆ་རའི་ཁ་ཐུག་ལས་ སྣུམ་འཁོར་རེ་ སྟབས་གཅིག་ལུ་ འགྱོ་ཚུགས་པའི་ས་སྒོ་འོང་ནི་ཨིན་མས། ཟམ་བཟོ་བསྐྲུན་གྱི་ལཱ་ཚུ་ཡང་ ཇ་པཱན་གྱི་ལས་སྡེ་ དའི་ནི་པུན་བཟོ་བསྐྲུན་ལས་སྡེ་གིས་ འབད་ནི་ཨིན་མས།

དེ་ཡང་ ཟམ་བཟོ་བཀོད་འབད་ནི་དང་ བརྐྱབ་ནི་ དེ་ལས་ སྤུས་ཚད་ཚུ་གི་ནང་ལུ་ ཇཱ་པཱན་གྱི་མཁས་རིག་ཚུ་ བརྗེ་སོར་འབད་ནིའི་དོན་ལས་ཨིན་མས།

ཟམ་བརྐྱབ་ནི་གི་ ལས་འགུལ་འདི་ཡང་ ལོ་༢་ཀྱི་ནང་འཁོད་ སྒྲུབ་ཚུགས་ནི་ཨིན་མས།