གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ལས་གཡོག་ལྷན་ཁག་གིས་ འབྲུག་མི་ཀ་ཊར་ལུ་ ལཱ་འབད་མི་ཚུ་ལུ་ དངུལ་ཕོག་མ་ཐོབ་པར་ཡོད་པའི་སྐོར་ལས་ ཞིབ་དཔྱད་འབད་བར་ འགོ་དཔོན་ཅིག་བཏང་དོ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༦

LabourOfficial-QatarCase༉ ལས་གཡོག་ལྷན་ཁག་གིས་ཀ་ཊར་ལུ་ ཀོ་ལི་ཀྲི་ཧའི་པཱར་མར་ཀེཊ་ལས་སྡེ་ནང་ལཱ་འབད་མི་ འབྲུག་མི་ཚུ་ལུ་ ཟླ་རིམ་གྱི་དངུལ་ཕོག་ མ་བྱིན་པར་ཡོད་མི་གི་སྐོར་ལས་ ཞིབ་དཔྱད་འབད་ནི་གི་དོན་ལས་ ད་རེས་ཀྱི་བདུན་ཕྲག་ནང་ འགོ་དཔོན་གཅིག་བཏང་ནི་ཨིན་མས།

ཀོ་ལི་ཀྲི་ཧའི་པཱར་མར་ཀེཊ་ལས་སྡེ་ནང་ལུ་ ལཱ་འབད་མི་ འབྲུག་མི་༥༠་ལྷགཔ་ཅིག་ལུ་ སྤྱི་ཟླ་༣་པ་དང་ སྤྱི་ཟླ་༤་པའི་ ཟླ་རིམ་གྱི་དངུལ་ཕོག་ མ་ཐོབ་པར་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ཁོང་ཆ་ཁྱབ་ལུ་ ལཱ་གཡོག་བྱིན་མི་ ལས་སྡེ་འདི་གིས་ ལས་གཡོག་ལྷན་ཁག་ལུ་ འབྲུག་མི་ལཱ་འབད་མི་ཚུ་ལུ་ དངུལ་ཕོགས་བྱིན་ཡོདཔ་སྦེ་སླབ་ནུག

འབྲུག་མི་ལཱ་འབད་མི་གཅིག་གིས་ ལས་སྡེ་འདི་ལུ་ དངུལ་ཕོགས་བྱིན་ཡོད་པའི་ འབྱོར་རྟགས་བཏོན་དགོ་པའི་ ཡི་གུ་བཏང་ནུག

ལས་གཡོག་ལྷན་ཁག་གི་ཁ་ཐུག་ལས་ འགོ་དཔོན་འདི་གིས་ཀ་ཊར་ལུ་ འབྲུག་མི་ཚུ་ ལཱ་འབད་སའི་ ལས་སྡེ་ཚུ་ནང་ལུ་ ལྟ་བསྐོར་འབད་ནི་ཨིན་མས།