གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

ཆུ་སྨད་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་འདི་ རྒྱལ་ཁབ་ནང་ལུ་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ དྲག་ཤོས་ཅིག་འབད་ ངོས་འཛིན་འབད་དེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༦

ChhumeyTTI-AwardedGoldMEdal༉ བུམ་ཐང་ ཆུ་སྨད་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་འདི་ རྒྱལ་ཁབ་ནང་ལུ་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ དྲག་ཤོས་ཅིག་འབད་ ངོས་འཛིན་འབད་དེ་འདུག

ངོས་ལེན་འདི་དང་འབྲེལ་ཏེ་ སྤེལ་ཁང་འདི་ལུ་ འདས་པའི་བདུན་ཕྲག་ནང་ ལཱ་གཡོག་ལྷན་ཁག་གིས་ གསེར་གྱི་རྟགས་མ་གནང་ནུག

སྤེལ་ཁང་འདི་ལུ་ སྦྱོང་བརྡར་གྱི་རྟགས་མ་འདི་ཡང་ སྤེལ་ཁང་འདི་ནང་ལས་ སྦྱོང་བརྡར་མཐར་འཁྱོལ་མི་སློབ་ཕྲུག་ཚུ་གིས་ གཡོག་ཐོབ་མི་ལུ་ གཞི་བཞག་སྟེ་གནང་ཡོདཔ་ཨིན་མས།

ཆུ་སྨད་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་གི་དབུ་འཛིན་ སངྱས་རྡོ་རྗེ་གིས་སླབ་མི་ནང་ སྤེལ་ཁང་འདི་ནང་ལས་ ན་ཧིང་ མཐར་འཁྱོལ་མི་སློབ་ཕྲག་ག་ར་གིས་ གཡོག་ཐོབ་སྟེ་ཡོད་ཟེར་ཨིནམ་མ་ཚད་ ད་རེས་ ཁོང་ཆ་ཁྱབ་ཀྱིས་ ལཱ་འདི་ཚུ་ཡང་ ལེགས་ཤོམ་སྦེ་རང་ འབད་དེ་ཡོད་ཟེར་བཤད་ཅི།

འདི་བཟུམ་སྦེ་ སྦྱོང་བརྡར་སྤེལ་ཁང་འདི་ནང་ལས་ མཐར་འཁྱོལ་མི་སློབ་ཕྲུག་ཚུ་གིས་རང་འབད་རུང་ སྦྱོང་བརྡར་རང་ལེགས་ཤོམ་སྦེ་་ཐོབ་པའི་བསྒང་ལས་ གཡོག་གི་གོ་སྐབས་མ་ཐོབ་པའི་ཚ་གྱལ་ཅིག་འདི་ མིན་འདུག་ཟེར་ཨིན་མས།

ཆུ་སྨད་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་འདི་གིས་ ན་ཧིང་གི་ལོ་ནང་ཡང་ དངུལ་གྱི་རྟགས་མ་ ཐོབ་སྟེ་འདུག