གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

རྒྱལ་ཁབ་ནང་ལུ་ གྲོངས་གསེབ་འཕྲོད་བསྟེན་ལས་རིམ་འདི་ མཐར་འཁྱོལ་ཅན་ཅིག་ལུ་ འགྱུར་ཏེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༨ ༢༠༡༦

RuralSanitationandHygieneProgramme ༉ རྒྱལ་ཁབ་ནང་གི་ རྫོང་ཁག་༦་གི་ནང་ལུ་ གྲོང་གསེབ་འཕྲོད་བསྟེན་ལས་རིམ་འདི་ མཐར་འཁྱོལ་ཅན་ཅིག་ལུ་ འགྱུར་ཏེ་ཡོད་མི་དང་འབྲེལ་ ལས་རིམ་འདི་ སྤྱི་ལོ་༢༠༡༨་ལུ་ རྫོང་ཁག་༢༠་ག་རའི་ནང་ལུ་ འགོ་དྲེན་འཐབ་ནི་གི་ དམིགས་ཡུལ་བསྐྱེད་དོ་ཡོདཔ་ཨིན་མས།

རྫོང་ཁག་༦་གི་ནང་ལུ་ ལས་རིམ་འདི་ལས་བརྟེན་ཏེ་ གཙང་སྦྲགས་འཕྲོད་བསྟེན་་གྱི་གནས་ཚད་འདི་ ལོག་བཏབ་ཀྱིས་ ཡར་དྲག་སོང་སྟེ་ཡོདཔ་ཨིན་མས།

གྲོང་གསེབ་འཕྲོད་བསྟེན་གྱི་ལས་རིམ་འདི་ཡང་ འགོ་དང་པ་རང་ སྤྱི་ལོ་༢༠༠༨ལུ་ རྒེད་འོག་༤་གི་ནང་ལུ་ གཞི་བཙུགས་འབད་ནུག

ལས་རིམ་འདི་ ཕན་ཐོག་ཅན་ཅིག་འབད་ མཐོང་མི་ལས་བརྟེན་ཏེ་ སྤྱི་ལོ་༢༠༡༡ལུ་ རྫོང་ཁག་གི་གནས་ཚད་ཁར་ ལག་ལེན་འཐབ་ནི་འགོ་བཙུགས་ཡོདཔ་ཨིན་མས།RuralSanitationandHygieneProgramme--

ད་རེས་ལས་རིམ་འདི་ མོང་སྒར་དང་བསམ་གྲུབ་ལྗོངས་མཁར་ དེ་ལས་ དབང་འདུས་ཕོ་བྲང་དང་ བསམ་རྩེ་རྫོང་ཁག་ནང་ལུ་ འགོ་བཙུགས་པའི་བསྒང་རང་ཡོདཔ་ཨིན་མས།

རྫོང་ཁག་འདི་ཚུའི་ནང་ལུ་ ལས་རིམ་འདི་ ལག་ལེན་འཐབ་ནི་འགོ་བཙུགས་ཏེ་ ལོ་གཅིག་གི་ནང་འཁོད་ལུ་རང་ མཐར་འཁྱོལ་ཅན་ཅིག་ལུ་ འགྱུར་ཏེ་ཡོདཔ་སྦེ་ཨིན་མས།

 འདི་བཟུམ་སྦེ་ དུས་ཅི་ གྲོང་གསེབ་འཕྲོད་བསྟེན་གྱི་ལས་རིམ་འདི་ བཀྲིས་སྒང་དང་བཀྲིས་གཡང་རྩེ་ དེ་ལས་ ཀྲོང་གསར་དང་གཞལ་སྒང་རྫོང་ཁག་ཚུ་ནང་ལུ་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་མས།

གྲོང་གསེབ་འཕྲོད་བསྟེན་གྱི་ལས་རིམ་འདི་ཡང་ མཐའ་ཟུར་གྱི་ས་གནསཚུ་ནང་ལུ་ འཕྲོད་བསྟེན་ཡར་དྲག་བཏང་ནི་གི་དོན་ལས་དང་ ཨ་ལུ་གི་ཤི་ཚད་མར་འབད་ནི་ དེ་ལས་ བཤལ་ནད་བཀག་ཐབས་ཀྱི་དོན་ལུ་ དམིགས་ཏེ་ གསོ་བའི་ལྷན་ཁག་འོག་གི་ མི་མང་གསོ་བའི་བཟོ་རིག་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཨིན་མས།