གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

ཀ་མེད་ཆུ་ལུ་སྦེ་ ནགས་ཚལ་མེ་རྐྱེན་ཅིག་ ཤོར་ཏེ་ཡོད་ས་ལས་ དོམ་གྱི་ཕྱུག་གུ་གཉིས་ སྲོག་སྐྱབས་འབད་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༢༥ ༢༠༡༦

BearCubs༉ དབང་འདུས་ཕོ་བྲང་རྫོང་ཁག་ ཀ་མེད་ཆུ་ལུ་སྦེ་ ནགས་ཚལ་མེ་རྐྱེན་ཅིག་ ཤོར་ཏེ་ཡོད་ས་ལས་ ཁ་ཉིནམ་ དོམ་གྱི་ཕྱུག་གུ་གཉིས་ སྲོག་སྐྱབས་འབད་ཚུགས་ཏེ་སྦེ་འདུག

ཕྱུག་གུ་གཉིསཔོ་འདི་ཡང་ ནགས་ཚལ་མེ་རྐྱེན་བྱུང་པའི་སྐབས་ ཨའི་འདི་དང་ཁ་ཕྱི་སྟེ་ འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

ཕྱུག་གུ་གཉིསཔོ་འདི་ཡང་ ཞག་༥་དེ་ཅིག་ལང་སྟེ་སྦེ་ཡོདཔ་ད་ མེ་རྐྱེན་འདི་ལས་བརྟེན་ཏེ་ ཕྱུག་གུ་གཅིག་གི་ ལགཔ་གུ་ལུ་ གནོད་སྐྱོན་དུམ་དྲ་ཅིག་ བྱུང་སྟེ་ཡོདཔ་སྦེ་མཐོང་ནུག

ད་རེས་ ཁོང་ཕྱུག་གུ་གཉིསཔོ་འདི་ ལོད་སྦི་ས་ལུ་ཡོད་པའི་ ནགས་ཚལ་ལས་ཚན་ཡིག་ཚང་གིས་ བདག་འཛིན་འཐབ་དོ་ཡོདཔ་ཨིན་མས།

མེ་ཚད་འཛིན་འབད་ནི་གི་དོན་ལས་ དམག་སྡེ་ཁག་དང་ ནགས་ཚལ་འགོ་དཔོན་ དེ་ལས་ ས་གནས་གཞུང་གི་འགོ་འཁྲིདཔ་ཚུ་གིས་ ལཱ་འབད་བའི་བསྒང་རང་འདུག

ཁོང་མེ་བསད་སྡེ་ཚན་ཚུ་གྱིས་ མེ་ཚད་འཛིན་འབད་ནི་གི་ལཱ་འབད་དེ་ ཁ་ཙ་འབདཝ་ད་ ཉིམ་༣་འགྱོ་དོ་ཡོདཔ་ཨིན་མས།

ནགས་ཚལ་འགོ་དཔོན་ཚུ་དང་འཁྲིདཔ་ད་ མེ་རྐྱེན་འདི་གིས་ ནགས་ཚལ་ཨེ་ཀར་༢༠༠་དེ་ཅིག་ འཚིགས་ཏེ་ཡོདཔ་སྦེ་ཨིན་མས།

དོམ་གྱི་ཕྱུག་གུ་གཉིསཔོ་འདི་ཡང་ མེ་ཚད་འཛིན་འབད་ཚར་བའི་ཤུལ་ལས་ ནགས་ཚལ་འདི་ནང་རང་ བཏང་ནི་ཨིན་མས།

ནགས་ཚལ་མེ་རྐྱེན་འདི་ཡང་ གཟའ་ལྷགཔ་གི་ ཕྱི་རུ་ཆུ་ཚོད་ཕྱེད་ད་༤་དེ་ཅིག་ཁར་བྱུང་ནུག