གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

བོང་སྡེ་མ་བཟོ་གྲྭ་ས་ཁོངས་འདི་ ད་ལྟོ་ གོང་འཕེལ་བཏང་པའི་བསྒང་འབད་རུང་ བཟོ་གྲྭ་ལས་སྡེ་ དག་པ་ཅིག་གིས་ ས་ཁོངས་འདི་ཁ་ལུ་ བཟོ་གྲྭ་འཕྲུལ་ཁང་གཞི་བཙུགས་འབད་ནི་གི་ དངས་འདོད་བསྐྱེད་དེ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༧ ༢༠༡༦

Manufacturing companies express interest in Bondeyma Industrial Estate ༉ མོང་སྒར་ལུ་ བོང་སྡེ་མ་ བཟོ་གྲྭ་ས་ཁོངས་འདི་ ད་ལྟོ་ གོང་འཕེལ་བཏང་པའི་བསྒང་ཨིན་ཏེ་འབད་རུང་ བཟོ་གྲྭ་ལས་སྡེ་ དག་པ་ཅིག་གིས་ དེ་ཁ་ལུ་ བཟོ་གྲྭ་འཕྲུལ་ཁང་ཚུ་ གཞི་བཙུགས་འབད་ནི་གི་ དངས་འདོད་བསྐྱེད་དེ་ཡོདཔ་ཨིན་མས།

ད་རེས་ བཟོ་གྲྭ་ས་ཁོངས་འདི་ནང་ལུ་ གོང་འཕེལ་གྱི་ལཱ་ གོ་རིམ་དང་པ་ཚུ་འབད་བའི་བསྒང་ཡོདཔ་ད་ འདི་ཚུ་ཡང་ བཟོ་གྲྭ་ས་ཁོངས་འདི་ མོང་སྒར་དང་བུམ་ཐང་གི་ གཞུང་ལམ་དང་ཅིག་ཁར་ འཐུད་ནིའི་དོན་ལུ་ མི་ཀྲར་༨༠༠་འབད་མི་ ལམ་གཅིག་དང་མུ་རི་ཆུ་གུ་ལས་ ཟམ་ཅིག་བརྐྱབ་མི་ཚུ་ཨིན་མས།

འཁོར་ལམ་འདི་ ཧ་ལམ་སེལ་ཚར་དོ་ཡོདཔ་ཨིན་རུང་ ཟམ་འདི་བརྐྱབ་པའི་བསྒང་ར་འདུགManufacturing companies express interest in Bondeyma Industrial Estate--

བཟོ་སྐྲུན་གྱི་ལཱ་ཚུ་ ན་ཧིང་སྤྱི་ཟླ་༤་པའི་ནང་ལས་འགོ་བཙུགས་ཏེ་ཡོདཔ་ད་ དུས་ཅི་སྤྱི་ཟླ་༦་པའི་ནང་ མཇུག་བསྡུ་དགོཔ་སྦེ་ཡོདཔ་ཨིན་མས།

དངུལ་ཀྲམ་ས་ཡ་༧༠་གནས་པའི་ བཟོ་བསྐྲུན་གྱི་ལཱ་ཚུ་ཡང་ བཟོ་བསྐྲུན་གོང་འཕེལ་ལས་འཛིན་གྱིས་ འབད་དོ་ཡོདཔ་ཨིན་མས།

ད་རེས་ཀྱི་ལཱ་ཚུ་ མཇུག་བསྡུ་བའི་བསྒང་ལས་ གཞི་རྟེན་མཐུན་རྐྱེན་ གློག་མེ་དང་ཆུ་བཀྲམ་སྤེལ་ དེ་ལས་ གཞན་མི་ དགོས་མཁོ་བའི་མཐུན་རྐྱེན་ཚུ་ བཙུགས་ནི་ཨིན་མས།

དེ་ལས་རྐྱངམ་ཅིག་ ས་ཆ་འདི་ བཟོ་གྲྭ་ལས་སྡེ་ཚུ་ལུ་ གླ་ཁར་སྤྲོད་ནི་ཨིན་མས།

བཟོ་གྲྭ་ས་ཁོངས་འདི་ནང་ལུ་ མའུ་ཊེན་ཧ་ཟཱལ་ནཌ་སྒེར་སྡེ་དང་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་ལས་སྡེ་ཚུ་གིས་ བཟོ་གྲྭ་འཕྲུལ་ཁང་ གཞི་བཙུགས་འབད་ནི་གི་ དངས་འདོད་བསྐྱེད་དེ་ཡོདཔ་ཨིན་མས།

ཨིན་རུང་ ད་ལྟོ་ ས་ཁོངས་ནང་ལུ་ གོང་འཕེལ་གྱི་ལཱ་ཚུ་འབད་བའི་བསྒང་ཨིནམ་ལས་ གཞུང་འབྲེལ་གྱི་ཞུ་ཡིག་ ཕུད་རྡོ་གཅིག་ཡང་ ངོས་ལེན་མ་འབད་བ་བཞག་ནུག

བོང་སྡེ་མ་བཟོ་གྲྭ་ས་ཁོངས་ཀྱི་དོན་ལུ་ ཨ་ཆ་ཨེ་ཀར་༡༡༠་ལྷགཔ་ཅིག་ འཇལ་ཡོདཔ་ད་ བཟོ་གྲྭ་ས་ཁོངས་འདི་ཡང་ གླིང་མེད་ཐང་གི་ སྦོ་ལོགས་ཁར་ ཀུ་རི་ཆུ་གི་ མཐའ་མར་ཆགས་ཏེ་སྦེ་འདུག