གཟའ་ཟླ་བ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༧

སྤུ་ན་ཁ་རྫོང་ནང་ལུ་ སྐུ་རིམ་གནང་མི་འདི་ གྲོལ་གནང་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༥

Punakha-Kurim ༉ སྤུ་ན་ཁ་རྫོང་ནང་ལུ་ རྡོ་རྗེ་སློབ་དཔོན་དང་ཡོན་ཏན་སློབ་དཔོན་ དེ་ལས་ ཚོགས་ཀྱི་སློབ་དཔོན་གསུམ་གྱིས་དབུ་བཞུགས་ཐོག་ལས་ སྐུ་རིམ་གནང་མི་འདི་ ད་རིས་ གྲོལ་གནང་ཡི།

སྐུ་རིམ་འདི་ཡང་ རྒྱ་ནག་སྤྱི་མདོས་དང་ ཕྱག་རྡོར་གྱི་གྲུབ་ཆེན་ དེ་ལས་ མགོན་པོའི་སྟོང་ཚོགས་ཚུ་གནང་ནུག

འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་སྐུ་ཚེ་ཞབས་པད་བརྟན་ནི་དང་ རྒྱལ་ཁབ་ནང་ལུ་ ཞི་བདེ་དང་དགའ་སྐྱིད་ཚུ་འབྱུང་ཐབས་ལུ་གནང་ཡོདཔ་ཨིན་མས།

སྐུ་རིམ་གྲོལ་གནང་ས་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ བློན་པོ་ལྷན་རྒྱས་ཚུ་གིས་ རྒྱལ་དབང་གྲུབ་ཆེན་གྱི་མཆོད་རྫས་ཕུལ་ཡི།

དངུལ་ཀྲམ་ས་ཡ་༡་དང་འབུམ་གསུམ་དེ་ཅིག་གི་གནས་པའི་ མཆོད་རྫས་འདི་ཡང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ འབྲུག་ལུ་འབྱོན་ཏེ་ མི་ལོ་༤༠༠་འཁོར་བའི་དུས་ཆེན་རྩིས་སྲུང་ཞུ་ནི་གི་དོན་ལུ་ཕུལཝ་ཨིན་མས།

རྒྱལ་དབང་གྲུབ་ཆེན་གྱི་མཆོད་རྫས་འདི་ནང་ལུ་ སྤྱན་རྫས་དར་དཔྱང་དང ཆུ་བུར་རྒྱལ་མཚན་ཚུ་ཡོདཔ་ཨིན་མས།