གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

བུམ་ཐང་ཨུ་ར་ལུ་ རང་ལུགས་ཀྱི་ཁྱིམ་གཅིག་རྩ་བ་ལས་རང་ མེ་གིས་འཚིགས་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༥

Houses gutted-Ura-༉ བུམ་ཐང་ ཨུ་ར་ལུ་ ད་རིས་ཉིན་མ་ཆུ་ཚོད་༡་དེ་ཅིག་ཁར་ རང་ལུགས་ཀྱི་ཁྱིམ་གཅིག་རྩ་བ་ལས་རང་ མེ་གིས་འཚིགས་ཏེ་སྦེ་འདུག

ཁྱིམ་འདི་ཡང་ ཨུ་ར་འབྲིང་རིམ་སློབ་གྲྭ་བར་མ་ནང་ལུ་ལཱ་འབད་མི་ ལས་བྱེདཔ་བཞི་གི་ཨིནམ་ད་ ཁྱིམ་འདི་ཡང་ སློབ་གྲྭ་འདི་གི་ཉེ་འདབས་ལུ་སྡོད་ནུག

རྐྱེན་ངན་འདི་ནང་ལུ་ མི་ལུ་གནོད་སྐྱོན་ཚུ་ག་ནི་ཡང་མ་འབྱུངམ་ཨིན་རུང་ རྒྱུ་དངོས་ཚུ་ག་ནི་ཡང་ བཏོན་མ་ཚུགས་པས།

ཨ་རུ་རྒེད་འོག་གི་དམངས་མི་གིས་སླབ་མི་ནང་ མེ་རྐྱེན་འདི་ཡང་ བུ་ཁ་རི་ལས་འབྱུང་ཡོད་པའི་དོགས་པ་ཡོདཔ་སྦེ་ཨིན་མས།