གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

དར་དཀར་ཆུ་གློག་མེ་ལས་འཛིན་གྱིས་ ད་ལྟོའི་བར་ན་ཡང་ གདུང་ཅུང་འོག་ལས་ ཆུ་འཛག་འགྱོ་མི་འདི་ གནད་དོན་ག་ཅི་ལས་བརྟེན་ཏེ་ཨིན་ན་ ཤེས་མ་ཚུགས་པར་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༥

Dagachhu Hydropower Project still leaking༉ གློག་ཤུགས་མེ་ག་ཝཊ་༡༢༦་འབད་མི་ དར་དཀར་ཆུ་གློག་མེ་ལས་འཛིན་གྱིས་ ད་ལྟོའི་བར་ན་ཡང་ ཧེཌ་རེས་ཊ་ནཱལ་ཟེར་མི་གདུང་ཅུང་འོག་ མི་ཀྲར་༣༠༠་དེ་ཅིག་གི་ས་ཁ་ལས་ ཆུ་འཛག་འགྱོ་མི་འདི་ གནད་དོན་ག་ཅི་ལས་བརྟེན་ཏེ་ཨིན་ན་ ཤེས་མ་ཚུགས་པར་འདུག

ཧེཌ་རེས་ཊ་ནཱལ་ཟེར་མི་གདུང་ཅུང་འདི་ གློག་ཤུགས་བཏོན་ནི་དོན་ལུ་ གློག་མེ་གི་འཕྲུལ་འཁོར་ནང་ལུ་ ཆུ་དྲང་མི་ཅིག་ཨིན་མས།

གནད་དོན་འདི་བལྟ་ནི་གི་དོན་ལུ་ ལས་འགུལ་དབང་འཛིན་གྱིས་ རྒྱལ་སྤྱི་གི་མཁས་མཆོག་ཚུ་འབོ་སྟེ་ཡོད་རུང་ ད་ལྟོ་ཚུན་ གནད་དོན་ངོ་མ་ཅིག་ བདག་མ་ཟུན་པར་ཡོདཔ་ཨིན་མས།

དར་དཀར་ཆུ་གློག་མེ་ལས་འཛིན་གྱི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཕྲིན་ལས་རྡོ་རྗེ་གིས་སླབ་མི་ནང་ ཁོང་མཁས་མཆོག་ཚུ་གིས་ ཆུ་མཛག་འགྱོ་སའི་ས་སྒོ་འདི་ ལེགས་ཤོམ་སྦེ་རང་ བལྟ་དགོཔ་སྦེ་སླབ་སྟེ་ཡོདཔ་ལས་ ལས་འགུལ་དབང་འཛིན་གྱི་ཁ་ཐུག་ལས་ བལྟ་སྟེ་རང་ཡོད་ཟེར་བཤད་ཅི།

ཨིན་རུང་ གནམ་བྱ་ཆརཔ་རྐྱབ་པའི་ནམ་དུས་ལུ་ ས་སྒོ་འདི་ནང་ལས་ ཆུ་ཨ་ཙི་མང་སུ་སྦེ་མཛག་འགྱོ་ནི་ཡོད་ཟེར་ཨིན་མས།

གློག་མེ་ལས་འགུལ་གྱི་གདུང་ཅུང་འདི་ནང་ལས་ ཆུ་དེ་སྦེ་འཛག་འགྱོ་མི་གི་གནད་དོན་འདི་ ན་ཧིང་ལས་བདག་ཟུན་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ གློག་མེ་བཟོ་ནི་གི་ནང་ལུ་ ཐོ་མ་ཕོག་པར་ཡོདཔ་སྦེ་བཤད་ཅི།