གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

བསམ་མཁར་རྒེད་འོག་གི་ ཁབས་སྟི་ལུང་བསྟན་ཟམ་པ་སྤྱི་འོག་གི་ཚོགས་པ་འདི་ མི་དམངས་ཀྱི་མ་དངུལ་ལོག་སྤྱོད་འབད་བའི་ཉེས་འཛུགས་ལས་བརྟེན་ཏེ་ གནས་སྐབས་ཅིག་ གཡོག་ནང་ལས་དགོངས་ཕོག་བཏང་སྟེ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༥

༉ བཀྲིས་སྒང་རྫོང་ཁག་ བསམ་མཁར་རྒེད་འོག་གི་ ཁབས་སྟི་ལུང་བསྟན་ཟམ་པ་སྤྱི་འོག་གི་ཚོགས་པ་འདི་ མི་དམངས་ཀྱི་མ་དངུལ་ལོག་སྤྱོད་འབད་བའི་ཉེས་འཛུགས་ལས་བརྟེན་ཏེ་ གནས་སྐབས་ཅིག་ གཡོག་ནང་ལས་དགོངས་ཕོག་བཏང་སྟེ་སྦེ་འདུག

ཚོགས་པ་འདི་གིས་ མི་དམངས་ཀྱི་མ་དངུལ་ ཡུདཔ་ཅིག་ འབུམ་ཕྱད་ད་གསུམ་དེ་ཅིག་ ལོག་སྤྱོད་འབད་དེ་ཡོད་པའི་ཉེས་འཛུགས་བཀོད་དེ་སྦེ་འདུག

མ་དངུལ་ཚུ་ཡང་ གུང་སྟོང་དང་ཆད་ལུས་མི་མི་སེར་ཚུ་ནང་ལས་བསྡུ་མི་དང་ ཀ་དམ་ལྷ་ཁང་ཉམས་གསོ་ཞུ་ནི་གི་དོན་ལས་ ཤིང་ཆས་ཉོ་ནི་གི་དོན་ལུ་ བགོ་བཀྲམ་འབད་མི་ཚུ་ཨིན་མས།

འདི་ལུ་ ཚོགས་པ་འདི་གིས་སླབ་མི་ནང་ ཁོ་གིས་ མི་དམངས་ཀྱི་མ་དངུལ་ ལོག་སྤྱོད་འབད་འབདཝ་ཅིག་ག་ནི་ཡང་མེདཔ་ལས་ ཁོ་ལུ་ཉེས་འཛུགས་དེ་སྦེ་བཀོད་མི་འདི་ མི་བདེན་ཟེར་ཨིན་བཤད་ཅི།

ད་རུང་ ཚོགས་པ་འདི་གིས་སླབ་མི་ནང་ ཁོ་གིས་ མ་དངུལ་ལྷག་མཇུག་ལུས་མི་ཚུ་ཡང་ ལོག་སྤྲོད་ནི་འབད་ཡོད་རུང་ ད་རེས་ ངན་ལྷད་ཀྱི་ཉེས་འཛུགས་དེ་སྦེ་བཀལ་ཏེ་ཡོདཔ་ལས་ གྲོས་ཐག་བཅད་ནི་ལུ་བསྒུག་སྟེ་ཡོད་ཟེར་ཨིན་མས།

སྤྱི་འོག་འདི་གི་ཚོགས་པ་འདི་ཡང་ གཡོག་ནང་ལས་ གནས་སྐབས་ཅིག་དགོངས་ཕོག་བཏང་སྟེ་ ཟླཝ་༨་དེ་ཅིག་འགྱོ་ནུག ། གནད་དོན་འདི་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ནང་ལུ་ སྙན་ཞུ་འབད་དེ་ཡོདཔ་ཨིན་མས།