གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

ཀྲོང་གསར་ བྲག་སྟེང་རྒེད་འོག་ནང་ལུ་ ལུག་གསོ་ནི་གི་སྲོལ་འདི་ ཉམས་འགྱོ་སྟེ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༥

The vanishing practice of sheep rearing༉ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་གི་ སྟག་རྩེ་དང་གཡུས་གསར་ དེ་ལས་ ལྕང་རས་གཡུས་ཚན་ཚུ་ནང་ལུ་ ལུག་གསོ་ནི་གི་སྲོལ་འདི་ ཉམས་འགྱོ་སྟེ་ཡོདཔ་ཨིན་མས།

གཡུས་ཚན་འདི་ཚུ་གི་ནང་ལུ་ ཧེ་མ་འབད་བ་ཅིན་ ལུག་གསོ་ནི་འདི་ ཡོངས་གྲགས་སྦེ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ལུག་གསོ་མི་ ཁྱིམ་གུང་པ་ ཕུད་རྡོ་གཅིག་ཡང་མེདཔ་ཨིན་མས།

འདི་ཡང་ གཡུས་ཁའི་མི་ཚུ་གིས་སླབ་མི་ནང་ ད་རེས་ནངས་པར་ མལ་ཆ་དང་བགོ་ལ་འདི་ཚུ་ ཧེ་མ་བཟུམ་སྦེ་ ལུག་གི་སྦལ་གྱི་ཐག་མ་དགོ་པར་ ཁྲོམ་ཁ་ལས་འཇམ་ཏོག་ཏོ་སྦེ་ཐོབ་ཚུགས་མི་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ད་རུང་ གནད་དོན་ཅིག་འདི་ ལུག་འདི་ཚུ་ གནམ་དགུན་བུམ་ཐང་ལས་རྩིས་ལེན་པའི་སྐབས་ གྱངས་ཁ་འདི་ མར་ཕབ་འགྱོ་དོ་ཡོདཔ་ལས་ དེ་གིས་ཡང་ ལུག་གསོ་ནི་ལུ་ སེམས་ཤུགས་མེདཔ་སྦེ་འགྱོཝ་མས་ཟེར་ཨིན་མས།

སྟང་རྩེ་དང་གཡུས་གསར་གྱི་མི་ཚུ་གིས་ ལུག་འདི་ཚུ་ གནམ་བྱ་བུམ་ཐང་ལུ་ ལུག་གསོ་སྡོད་མི་ཚུ་ལུ་ འཚོ་བཅུག་དོ་ཡོདཔ་ཨིན་མས།

གཡུས་ཚན་འདི་ནང་གི་མི་ཚུ་གིས་ དེ་བསྒང་ ལུག་འདི་ བལ་རྐྱངམ་ཅིག་གི་མ་ཚད་པར་ ལུད་ཀྱི་དོན་ལས་ཡང་ གསོ་ནི་ཡོདཔ་ཨིན་མས།

འདི་ཡང་ ཁོང་གིས་སླབ་མི་ནང་ ནོར་གྱི་ལུད་དང་ཕྱེདཔ་ད་ལུ་ ལུག་གི་ལུད་འདི་ དྲག་དོ་ཡོད་མི་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ཨིན་རུང་ ད་རེས་ནངས་པར་ ལུད་འདི་ཡང་ ནོ་གི་ལུད་དང་གཞན་མི་ཚུ་ལུ་རང་ གཙོ་བོར་བསྟེན་དོ་ཡོདཔ་ཨིན་མས།

གཞལམ་སྒང་ལུ་ཡོད་པའི་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་ནང་ལས་ འགོ་དཔོན་ཚུ་གིས་སླབ་མི་ནང་ ལུག་གསོ་མི་ དེ་སྦེ་ མར་ཕབ་འགྱོ་མི་འདི་ཡང་ དཔལ་འབྱོར་གྱི་ཁེ་ཕན་ གནམ་མེད་ས་མེད་ཅིག་ མེད་མི་དང་ མི་ཚུ་ ཆོས་ལུ་དད་པ་ཡོད་མི་ལས་བརྟེན་ཨིན་མས་ཟེར་བཤད་ཅི།

ཨིན་རུང་ མི་ཚུ་གིས་ ལུག་གསོ་ནི་འདི་ ལོག་སྟེ་ར་འགོ་བཙུགས་ནིའི་ དངས་འདོད་ཡོད་པ་ཅིན་ ལྟེ་བ་གི་ཁ་ཐུག་ལས་ རྒྱབ་བསྐྱོར་ཚུ་འབད་འོང་ཟེར་ཨིན་མས།