གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ནགས་ཚལ་མེ་རྐྱེན་ལས་ སྲུང་སྐྱོབས་འབད་ནི་གི་དོན་ལས་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༣༠ ༢༠༡༥

ForestFireAwareness༉ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ལུ་ ཁྱིམ་གུང་པ་༩༠༠་དེ་ཅིག་ལུ་ ནགས་ཚལ་མེ་རྐྱེན་བཀག་ཐབས་ཀྱི་སྐོར་ལས་ ཁྱིམ་བཤལ་རྐྱབ་སྟེ་ གོ་བ་བརྡ་སྤྲོད་འབད་ནུག

བརྡ་སྤྲོད་ལས་རིམ་འདི་ཡང་ གནམ་དགུན་ས་སྐམ་རྡོ་སྐམ་གྱི་ དུས་ཚོད་འགོ་བཙུགས་མི་དང་འབྲེལ་ ནགས་ཚལ་མེ་རྐྱེན་ཡང་ ལེ་ཤཱ་བྱུང་དོ་ཡོདཔ་ལས་བརྟེན་ཏེ་ཨིན་མས།

གོ་བ་བརྡ་སྤྲོད་ཀྱི་ལས་རིམ་འདི་ཡང་ བདེ་སྲུངཔ་ཚུ་དང་ ཁས་བླངས་པ་ཚུ་ དེ་ལས་ སྤུ་ན་ཁ་དང་དབང་འདུས་ཕོ་བྲང་གི་ ནགས་ཚལ་འགོ་དཔོན་ཚུ་གིས་འགོ་འདྲེན་འཐབ་ནུག

ནགས་ཚལ་མེ་རྐྱེན་འཛིན་སྐྱོང་ལས་ཚན་གྱི་ ཐོ་བཀོད་དང་འཁྲིལཔ་ད་ སྤུ་ན་ཁ་ལུ་ སྤྱི་ལོ་༢༠༡༡་ལས་ སྤྱི་ལོ་༢༠༡༥་གི་ སྤྱི་ཟླ་༧་པ་ཚུན་ཚོད་ ནགས་ཚལ་ཨེ་ཀར་༡༦༠༠་དེ་ཅིག་ མེ་གིས་ཚིགས་ཡོདཔ་སྦེ་ཨིན་མས།ForestFireAwareness-

མི་ཚུ་ལུ་ ནགས་ཚལ་མེ་རྐྱེན་ བཀག་ཐབས་འབད་ནི་གི་སྐོར་ལས་དང་ ནགས་ཚལ་མེ་རྐྱེན་དང་འབྲེལ་བའི་ ཉེས་བྱ་ དེ་ལས་ ཉེས་ཁྲིམས་ཚུ་གི་སྐོར་ལས་ཡང་ གོ་བ་བཤད་དེ་བྱིན་ནུག

དེ་བཟུམ་མའི་ གོ་བརྡའི་ལས་རིམ་ཅིག་ དབང་འདུས་ཕོ་བྲང་ལུ་ཡང་འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་འདི་ལུ་ མི་ཚུ་ལས་ ངོས་ལེན་ལེགས་ཤོམ་ཡོདཔ་ཨིན་མས།

ཉིན་གྲངས་༢་གི་ གོ་བརྡའི་ལས་རིམ་འདི་ནང་ལུ་ སྤུ་ན་ཁ་དང་དབང་འདུས་ཕོ་བྲང་གི་ ནགས་ཚལ་འགོ་དཔོན་དང་ བདེ་སྲུངཔ་ དེ་ལས་ ཁས་བླངས་པ་༡༠༠་ལྷགཔ་ཅིག་གིས་གྲལ་ཁར་གཏོགས་ནུག