གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

མེ་འབར་མཚོ་མཇལ་བར་འགྱོ་མི་ཚུ་གིས་ དྲན་པ་བཏོན་དགོཔ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༣༠ ༢༠༡༥

Mebartsho-Saftey ༉ འཕྲལ་ཁམས་ཅིག་ཁར་ བུམ་ཐང་ མེ་འབར་མཚོ་ནང་ལུ་ བལྟ་བཤལཔ་ཅིག་དང་ བལྟ་བཤལ་ལམ་སྟོན་པ་གཅིག་ ཆུ་ནང་ཐིམ་སྟེ་ ཤི་བའི་ཤུལ་ལུ་ ས་གནས་འདི་གི་ཉེན་སྲུང་གི་སྐོར་ལས་ ལོ་རྒྱུས་ཚུ་འཐོན་ནི་འགོ་བཙུགས་ཡོདཔ་ཨིན།

མི་ཚུ་གིས་འབད་བ་ཅིན་ མཚོ་མཇལ་བར་ འོང་མི་ཚུ་གི་དོན་ལུ་ ཉེན་སྲུང་གི་ཐབས་ཤེས་ཚུ་ བཏོན་དགོཔ་འདུག་ཟེར་ཨིན་མས།

མི་ཚུ་གིས་སླབ་མི་ནང་ མེ་འབར་མཚོ་ལུ་ཡོད་པའི་ ཟམ་འདི་ ལོ་བཅུ་ཕྲག་ལྷགཔ་ཅིག་ཡར་སོངམ་ལས་ ན་ཐེན་ར་ ཉམས་བཅོས་འབད་རན་ཏེ་ཡོདཔ་མ་ཚད་ མཚོ་མཇལ་བར་འོང་མི་ཚུ་ལུ་ དྲན་པ་བཏོན་དགོ་པའི་སྐོར་ལས་ བརྡ་བྱང་འདི་ཚུ་ ག་ནི་ཡང་མིན་འདུག་ཟེར་ཨིན་མས།

འདི་བཟུམ་སྦེ་ མཚོ་གི་ས་ཁོངས་འདི་ཚུ་ དར་ཚུ་གིས་སྤུབས་ཏེ་ཡོདཔ་ཨིན་རུང་ རྫོང་ཁག་གིས་ཁ་ཐུགས་ལས་ ཟླ་རིམ་བཞིན་དུ་ དར་འདི་ཚུ་ སེལ་ནི་སྦེ་ཁས་ལེན་འབད་ནུག

སྲོལ་འཛིན་ལས་ཁུངས་ཀྱིས་འབད་རུང་ མཚོ་མཇལ་བར་འོང་མི་ཚུ་གི་དོན་ལུ་ ཉེན་སྲུང་གི་ཐབས་ཤེས་ ཐེབས་དགོཔ་འདུག་ཟེར་ཨིན་རུང་ ལས་ཁུངས་ལུ་ གདོང་ལེན་སྦོམ་ཤོས་ར་ ལམ་སྲོལ་གྱི་ས་སྒོ་ཚུ་ བྱིན་རླབས་ཉམས་མ་བཅུག་པར་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་འདི་ཨིན་ཟེར་བཤད་ཅི།Mebartsho-Saftey-

ད་རེས་ དུས་འཐུང་གི་ཐབས་ཤེས་བཟུམ་ཅིག་སྦེ་ ལས་ཁུངས་ཀྱིས་ རྫོང་ཁག་བདག་སྐྱོང་དང་ འབྲེལ་བ་ཡོད་པའི་མི་སྡེ་ཚུ་དང་ཕྱེད་དེ་ ས་སྒོ་དེ་ནང་གི་ ཉེན་སྲུང་གི་སྐོར་ལས་ གྲོས་བསྡུར་འབད་ནིའི་འཆར་གཞི་བརྩམ་དོ་ཡོདཔ་ཨིན་མས།

ད་རུང་ ལས་ཁུངས་ཀྱིས་ ཤུལ་མའི་སྤྱི་ཚོགས་ཀྱི་ ཚོགས་ཐེངས་ནང་ཕུལ་ནིའི་དོན་ལས་ སྲོལ་རྒྱུན་གྱི་དཔྱད་ཡིག་ཅིག་ཡང་ ཟིན་བྲིས་བཏབ་པའི་བསྒང་ར་འདུག

ཕྲལ་ཁམས་ཅིག་ཁར་ ཆུ་ནང་ཐིམ་ཡོད་མི་ སྐྱེས་ལོ་༢༦་ལངས་མི་ བལྟ་བཤལ་ལམ་སྟོན་པ་དེ་གི་ ཕུངམོ་འདི་ ད་ལྟོ་ཡང་ མ་འཐོབ་པས། རྐྱེན་ངན་བྱུང་སྟེ་ ཟླཝ་ཡང་ལངས་ནི་འབད་དོ་ཡོདཔ་ད་ འཚོལ་ཞིབ་འབད་མི་ཚུ་གིས་ བདུན་ཕྲག་༣་གི་རིང་ འཚོལ་བའི་ཤུལ་ལུ་ ད་རེས་ བཞག་སྟེ་སྦེ་འདུག