གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

འཛམ་གླིང་དངུལ་ཁང་གི་སྙན་ཞུ་ནང་ལུ་ འདས་པའི་ལོ་ཚུ་དང་ཕྱེདཔ་ད་ འབྲུག་ལུ་ ཚོང་འབྲེལ་འཐབ་ནི་འདི་ འཇམ་ཏོང་ཏོ་སོང་སྟེ་ཡོདཔ་འཁོད་དེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༥

Remarkable progress in ease of doing business༉ འཛམ་གླིང་དངུལ་ཁང་གི་ ཚོང་འབྲེལ་འཐབ་ངོ་བདེ་བའི་ སྙན་ཞུ་ནང་ལུ་ འདས་པའི་ལོ་ཚུ་དང་ཕྱེདཔ་ད་ འབྲུག་ལུ་ ཚོང་འབྲེལ་འཐབ་ནི་འདི་ འཇམ་ཏོང་ཏོ་སོང་སྟེ་ཡོདཔ་སྦེ་ཨིན་མས།

སྙན་ཞུ་འདི་ནང་ལུ་ འཛམ་གླིང་ནང་གི་ རྒྱལ་ཁབ་༡༨༩་གི་གྲལ་ལས་ འབྲུག་རྒྱལ་ཁབ་འདི་ ཨང་༧༡་ནང་ཚུད་དེ་འདུག

སྤྱི་ལོ་༢༠༡༤་དང་ཕྱེདཔ་ད་ འབྲུག་གི་གནས་རིམ་འདི་༥༤་གི་ ཡར་སེང་སོང་སྟེ་ཡོདཔ་ལས་ ལྷོ་ཨེ་ཤི་ཡ་ལུ་ མཐོ་ཤོས་ཨིན་མས།

དེ་ཡང་ འབྲུག་གི་ཁ་ཐུག་ལས་ གནད་དོན་ཁག་གཉིས་ནང་ལུ་བསྐྱར་ཞིབ་འབད་དེ་ཡོདཔ་ད་ དེ་ཚུ་ཡང་ ཚོང་ལཱ་འཐབ་མི་ཚུ་ལུ་ གློག་མེ་འདི་ འཇམ་ཏོང་ཏོ་སྦེ་འཐོབ་ཚུགསཔ་བཟོ་སྟེ་ཡོདཔ་ཨིན།

གློག་མེ་འཐོབ་ནིའི་ བྱ་སྒོ་རིམ་པ་ནང་ལུ་ ཉིན་གྲངས་༦༡་འགོར་དོ་ཡོདཔ་ཨིན།

དེ་ལས་ རྒྱུ་དངོས་སྤོ་བཤུད་འབད་ནི་གི་ རིམ་པ་ཡང་ལེགས་བཅོས་བཏང་ཡོདཔ་ད་ དེ་ཡང་ ཉིན་གྲངས་༡༥་གི་ནང་འཁོད་ འབད་ཚར་དགོཔ་སྦེ་བཟོ་སྟེ་ཡོདཔ་ཨིན།