གཟའ་ཟླ་བ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༧

ལྷ་ཁང་དཀརཔོ་གི་རྩོད་གཞི་འདི་ཆེ་མཐོའི་ཁྲིམས་འདུན་ལུ་མཐོ་གཏུག་ཞུ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༧ ༢༠༡༥

LhakhangKarpoCase-HighCourt༉ བརྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལྷ་ཁང་དཀརཔོ་གི་རྩོད་གཞི་གུར་ ཆེ་མཐོའི་ཁྲིམས་ཀྱི་ འདུན་ས་ལུ་ མཐོ་གཏུགས་ཀྱི་ཞུ་བའི་ཤུལ་མ་ ད་རིས་ སྣ་ཚོགས་སྙན་གསན་གྱི་ལས་རིམ་འདི་ འགོ་འདྲེན་འཐབ་ཡོདཔ་ཨིན།

འདི་ཡང་ ཧཱ་རྫོང་ཁག་ ཁྲིམས་ཀྱི་འདུན་ས་ལས་ སྤྱི་ཟླ་༦་པའི་སྤྱི་ཚེས་༢༣་ལུ་ ཕྱི་འབྲེལ་བློན་པོ་རིག་འཛིན་རྡོ་རྗེ་ལུ་ ཉེས་པ་མེདཔ་སྦེ་ འཁྲུན་ཆོད་གནང་མི་འདི་ ཁེ་རྒུད་མ་བཏུབ་ལས་བརྟེན་ཏེ་ མཐོ་གཏུག་གི་ཞུ་བ་ཕུལ་ཡོདཔ་ཨིན།

མ་གཞི་གིས་ ཕྱི་འབྲེལ་བློན་པོ་གི་བརྩོད་གཞི་འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་སྦེ་ ཕྱེ་དགོཔ་ཅིག་ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་འདི་ གཞུང་གིས་འདེམས་བསྐོས་འབད་འབདཝ་ཅིག་ཨིན་པའི་ཁར་ རྩོད་གཞི་ནང་ལུ་ ཕྱི་འབྲེལ་བློན་པོ་འབྲེལ་བ་ཡོདཔ་ལས་ ཁེ་ཕན་བརྟག་སྤྲོད་ཀྱི་དོན་ལས་ ངན་ལྷད་བཀག་སྡོམ་ ལྷན་ཚོགས་ལུ་ རྩིས་སྤྲོད་ཡོདཔ་ལས་ ད་ལས་ཕར་ ལྷན་ཚོགས་ཀྱི་སྦེ་ ཕྱེ་ནི་ཨིན་མས།

ཕྱི་འབྲེལ་བློན་པོ་རིག་འཛིན་རྡོ་རྗེ་འདི་ ཧེ་མ་ཧཱ་རྫོང་བདག་སྦེ་སྡོདཔ་ད་ དབང་ཚད་ལོག་སྤྱོད་འབད་མི་དང་ མི་དམངས་ཀྱི་རྒྱུ་དངོས་ཚུ་ ཚུལ་མིན་གྱི་ཐོག་ལས་ སྤྱོད་ཡོད་པའི་ཉེས་འཛུགས་ ཕོག་སྟེ་སྦེ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ལས་འགུལ་བཟོ་རིག་འགོ་དཔོན་ བཀྲིས་རྒྱལ་མཚན་དང་ ལྷ་ཁང་ཉམས་གསོ་ཞུ་ནི་ནང་ ཁ་བགཔ་གི་ལཱ་འབད་མི་ ཚེ་དབང་རིག་འཛིན་གཉིས་ཀྱི་ རྩོད་གཞི་འདི་ཡང་ མཐོ་གཏུག་གི་ཞུ་བ་ཕུལ་ཏེ་ཡོདཔ་ལས་ ད་རིས་ སྣ་ཚོགས་སྙན་གསན་གྱི་ལས་རིམ་འདི་ འགོ་འདྲེན་འཐབ་ནུག

ཨིན་རུང་ ཁོང་གཉིས་ཀྱི་ བརྩོད་གཞི་གི་ཐད་ཁར་ལུ་ བརྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་སྦེ་ར་ ཕྱེ་ནི་ཨིན་མས།