བསམ་རྩེ་རྟ་ལྡིང་རྒཔོ་གི་དུས་མིན་བཙག་འཐུ་འདི་འགོ་འདྲེན་འཐབ་ནི་ཨིནམ།
སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༥༉ བསམ་རྩེ་རྫོང་ཁག་ རྟ་ལྡིང་རྒེད་འོག་གི་རྒཔོ་འདི་ གོ་གནས་ཁར་ལས་ བཏོན་བཏང་པའི་ཤུལ་ལས་ རྒཔོ་གིས་ དུས་མིན་བཙག་འཐུ་འདི་ སྤྱི་ཟླ་༧པའི་སྤྱི་ཚེས་༨ལུ་ འགོ་འདྲེན་འཐབ་ནི་སྦེ་འདུག
དུས་མིན་བཙག་འཐུ་འདི་ཡང་ རྒེད་འོག་འདི་གི་རྒཔོ་འདི་ རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ འཐབ་འཛིང་དང་འབྲེལ་བའི་ རྩོད་རྙོགས་འདི་ནང་ ཉེས་པ་ཡོདཔ་སྦེ་ ཁྲུན་ཆོད་གནང་པའི་ཤུལ་ལས་ བཏོན་བཏང་ཡོདཔ་ཨིན།
རྒཔོ་གི་འདེམས་ཁྲི་དོན་ལུ་ འདེམས་ངོ་གསུམ་ཐོན་ཏེ་ཡོདཔ་ད་ རྒེད་འོག་འདི་ནང་ལུ་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ སྟོང་ཕྲག་གསུམ་ལྷགཔ་ཅིག་འདུག
འབྲུག་གི་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ བཙག་འཐུ་ལས་གྲུབ་པའི་ མི་ངོམ་ཅིག་ ཚེ་འདས་སོང་བ་དང་ ཡང་ན་ དགོངས་ཞུ་འབད་ད་པ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱིས་ འདེམས་ཁྲི་ས་སྟོང་གི་དོན་ལས་ ཞག་གྲངས་༣༠་གི་ནང་འཁོད་ དུས་མིན་བཙག་འཐུ་གི་ གསལ་བསྒྲགས་འབད་དགོ་ཟེར་འཁོད་དེ་ཡོདཔ་ཨིན།
རྒྱང་བསྒྲགས་དང་མཐུད་འབྲེལ།