གཟའ་ལྷག་པ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༧

གསེར་འབག་མི་འབྲུག་མི་གཅིག་རྒྱ་གར་ལུ་བཟུང་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༥

Bhutanese detained in New Delhi for allegedly smuggling gold༉ དབང་འདུས་ཕོ་བྲང་རྫོང་ཁག་ ཤར་དཀར་གཞི་ལས་ཨིན་མི་ ཕོ་སྐྱེས་གཅིག་གིས་ དངུལ་ཀྲམ་ས་ཡ་༤༤ལྷགཔ་ཅིག་གནས་པའི་ གསེར་ཀེ་ལྗིད་༡༧དེ་ཅིག་ འབག་ཡོད་པའི་ཉེས་པ་ལས་བརྟེན་ རྒྱ་གར་གྱི་རྒྱལ་ས་ ནིའུ་དྲེ་ལི་ལུ་ཡོད་པའི་ རོ་ཧི་ནི་བཙོན་ཁང་གི་དོ་དམ་འོག་ལུ་ བཞག་ཡོདཔ་སྦེ་ཨིན་མས།

ཕོ་སྐྱེས་འདི་ དོ་དམ་འོག་ལུ་བཞག་ཡོདཔ་སྦེ་ གཏན་འཁེལ་ཨིན་མི་སྐོར་ ནིའུ་དྲེ་ལི་ལུ་ཡོད་པའི་ འབྲུག་གི་སྐུ་ཚབ་ཡིག་ཚང་ནང་ལས་ འགོ་འཛིན་གཅིག་གིས་ བཤད་དེ་ཡོདཔ་ཨིན།

ཕོ་སྐྱེས་འདི་ཡང་ རྒྱ་གར་གྱི་ཅ་དམ་འགོ་དཔོན་ཚུ་གིས་ སྤྱི་ཟླ་འདི་གི་ སྤྱི་ཚེས་༢༠གྱི་ཚེས་ ནིའུ་དྲེ་ལི་གི་ རེ་ལི་ས་ཁོངས་ནང་ལས་བཟུང་ཡོདཔ་ད་ འདི་བསྒང་ གསེར་འདི་ཚུ་ ཕོ་སྐྱེས་འདི་གི་སྐེདཔ་ལུ་ བསྡམ་ཏེ་ཡོདཔ་སྦེ་མཐོང་ནུག

དོགས་པ་ཅན་འདི་གི་ ངག་བརྗོད་བྱིན་མི་དང་འཁྲིལཔ་ད་ རྒྱ་ནག་གི་མི་ཁུངས་གཅིག་གི་ ཁོ་ལུ་ ཏི་རུ་སྟོང་ཕྲག་༤༠དེ་ཅིག་ བྱིན་ནི་ཟེར་སླབ་སྟེ་སྦེ་ གསེར་འདི་འབག་བཅུག་ཡི་ཟེར་བཤད་ནུག

གནད་དོན་འདི་གི་སྐོར་ ཁྲིམས་ཀྱི་འདུན་ས་ལུ་ སྙན་གསན་ཚུ་འབད་བའི་བསྒང་ར་འདུག