གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

སྤ་རོ་ཚེས་བཅུ་འགོ་བཙུགས་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༥

ParoTsechu- ༉ ཡོངས་གྲགས་ཅན་གྱི་ ལོ་བསྟར་སྤ་རོ་ཚེས་བཅུ་འདི་ ད་རིས་ལས་ གནང་ནི་འགོ་བཙུགས་ཡོདཔ་ཨིན།

ད་རིས་ ཚེས་བཅུ་ཉིནམ་དང་པ་འདི་ རིན་སྤུངས་རྫོང་གི་ ནང་ན་སྦེ་གནང་ཡོདཔ་ད་ དེ་ཁ་ལུ་ བལྟ་བཤལཔ་ཚུ་རྩིས་ཏེ་ མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་མས།

ད་རིས་ གཤིན་རྗེས་ཡབ་ཡུམ་དང་ གདུར་བདག་ དེ་ལས་ ཞྭ་ནག་དང་དགྲ་མེད་རྩེ་རྔ་འཆམ་ དེ་བཟུམ་སྦེ་ འབོད་འཆམ་ཚུ་ མཇལ་ཁ་གནང་ནུག

ནངས་པ་ལས་ སྐུ་འཆམ་ཚུ་ རྫོང་གི་ཕྱི་ཁར་ བདེ་གཡང་ཁ་ལུ་སྦེ་ གནང་ནི་ཨིན་མས།

ཉིན་གྲངས་༥་གི་ཚེས་བཅུ་འདི་ཡང་ གཟའ་ཉིམ་གྱི་ཚེ་ གུ་རུའི་མཐོང་གྲོལ་ མཇལ་ཁ་གནང་སྟེ་སྦེ་ གྲོལ་ནི་ཨིན་མས།