གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གཞུང་གི་དྲུང་ཆེན་གསུམ་ གནས་སྐབས་ཅིག་ དགོངས་ཕོག་བཏང་སྟེ་ཡོད་མི་འདི་ ལོག་ཞི་གཡོག་ནང་ལུ་ར་ བཞག་ནི་སྦེ་གྲོས་ཐག་བཅད་དེ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༨ ༢༠༡༥

RCSC reassigns “surrendered” secretaries༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲག་ཤོས་དཔལ་ལྡན་དབང་ཕྱུག་དང་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲག་ཤོས་ བསོད་ནམས་ཚེ་རིང་ དེ་ལས་ ཕྱི་འབྲེལ་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་གསུམ་འདི་ དྲུང་ཆེན་གྱི་གོ་གནས་ཁར་མེན་པར་ གོ་གནས་གཞན་མི་ཅིག་འབྱིན་ཏེ་ ཞི་གཡོགཔ་སྦེ་རང་བཞག་ནི་སྦེ་ གྲོས་ཐག་བཅད་དེ་སྦེ་འདུག

ཨིན་རུང་ ཁོང་དྲུང་ཆེན་གསུམ་གྱི་དོན་ལུ་ ཞི་གཡོག་གི་གོ་གནས་གསརཔ་འདི་ ད་ལྟོ་ གྲོས་ཐག་མ་བཅད་པར་ཡོདཔ་སྦེ་ཨིན་མས།

ཁོང་དྲུང་ཆེན་གསུམ་འདི་ཡང་ རྒྱ་གར་གྱི་དུས་དེབ་ ཨིན་ནར་ཤི་ཡ་ཟེར་མི་ནང་ལུ་ གློག་མེ་ལས་འགུལ་གྱི་འཕྲུལ་ཆས་བཀྲམ་སྤེལ་དང་འབྲེལ་བའི་ངན་ལྷད་ཀྱི་ཉེས་འཛུགས་བཀོད་དེ་ཡོད་མི་འདི་ སེལ་ཐབས་ལུ་ བློན་ཆེན་མཆོག་དང་ ཕྱི་འབྲེལ་བློན་པོ་གི་གནང་བ་མེད་པར་ རྒྱ་གར་གཞུང་ལུ་ ཡིག་གུ་བཏང་སྟེ་ཡོད་མི་ལས་བརྟེན་ཏེ་ གཞུང་གིས་ ན་ཧིང་ སྤྱི་ཟླ་༡༢་པའི་ནང་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ རྩིས་སྤྲོད་འབད་དེ་ཡོདཔ་ཨིན།

གནས་ཚུལ་གསར་སྟོན་དང་འཁྲིལ་བ་ཅིན་ གཞུང་དྲུང་ཆེན་གསུམ་གྱིས་ ལྷན་རྒྱས་གཞུང་ཚོགས་དང་ བློན་ཆེན་ལས་ གནང་བ་ག་ནི་ཡང་མ་ལེན་པར་ ལཱ་འདི་ རང་ཐག་གཅད་དེ་འབད་ཡོད་པའི་ཁར་ བྱ་སྒོའི་ལམ་ལུགས་ནང་ལུ་ཡང་ འཛོལ་བ་ཡོདཔ་སྦེ་བཀོད་ནུག

ད་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་བཀོད་མི་ནང་ ལྷན་རྒྱས་གཞུང་ཚོགས་དང་ དྲུང་ཆེན་ཚོགས་ཆུང་གཉིས་ཀྱི་བར་ན་ བྱ་སྒོའི་མཐུན་འབྲེལ་དང་ བདེ་སྒྲིག་ཚུ་ ལེགས་ཤོམ་དང་ སྒྲིང་སྒྲིང་ཅིག་མེདཔ་སྦེ་ཨིན་མས།

གནད་དོན་འདི་གི་ཐོག་ལུ་ བདེན་རྫུན་དང་གྲུབ་འབྱེད་ དེ་ལས་ གནས་སྟངས་འདི་ཚུ་ ག་ར་ལྟ་སྟེ་འབདཝ་ད་ ཁོང་དྲུང་ཆེན་གསུམ་ དགོངས་ཞུ་བཏང་ནི་གི་འོས་འབབ་ཡང་མེད་པའི་ཁར་ ལོག་ཁོང་རའི་གོ་གནས་ཁ་ལུ་བཀལ་ནི་འདི་ཡང་ འོས་འབབ་ཅིག་མ་མཐོང་ཟེར་ཨིན་མས།

ང་བཅས་རྒྱང་བསྒྲགས་ཀྱི་ གཞུང་གི་དྲུང་ཆེན་གསུམ་ལུ་ གནས་ཚུལ་འདི་གི་སྐོར་ལས་ བརྒྱུད་འཕྲིན་ཐོག་ལུ་ དྲི་ལན་འབད་ནི་ དཔའ་བཅམ་པའི་སྐབས་ བསམ་འཆར་བཀོད་ནི་ ག་ནི་ཡང་མེད་ཟེར་བཤད་ཅི།