གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

ལྷ་ཁང་དཀརཔོ་གསར་བཞེངས་ཀྱི་ངན་ལྷད་དང་འབྲེལ་བའི་ རྩོད་བཤེར་འགོ་བཙུགས་ནི།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༥

LhakhangKarpoCase༉ ལྷ་ཁང་དཀརཔོ་གསར་བཞེངས་ཀྱི་ངན་ལྷད་དང་འབྲེལ་བའི་ རྩོད་བཤེར་གྱི་སྙན་གསན་འདི་ ཤུལ་མའི་ཟླཝ་གི་སྤྱི་ཚེས་༩་ལུ་ ཧཱ་རྫོང་ཁག་ཁྲིམས་ཀྱི་འདུས་ས་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མས།

རྩོད་བཤེར་གྱི་སྙན་གསན་འདི་ཡང་ མངོན་མཐོ་ཁྲིམས་ཀྱི་འདུན་ས་གིས་ དབྱེ་ཞིབ་ལེགས་ཤོམ་སྦེ་རང་མཛད་པའི་ཤུལ་ ཧཱ་གི་དྲང་དཔོན་ ཁོ་ར་གིས་རང་ འགོ་འདྲེན་འཐབ་དགོཔ་སྦེ་ གྲོས་ཐག་བཅད་དེ་སྦེ་འདུག

དངས་ཞག་ཁམས་ཅིག་ཁར་ ཧཱ་གི་དྲང་དཔོན་འདི་གིས་ རྩོད་བཤེར་འདི་ ཁོ་གིས་ སྙན་གསན་འབད་དགོ་པ་ཅིན་ ད་རེས་ ཉེས་འཛུགས་བཀལ་ཏེ་ཡོད་མི་ ཕྱི་འབྲེལ་བློན་པོ་ རིན་འཛིན་རྡོ་རྗེ་འདི་ ཁོ་གི་རྡོ་རྗེ་སྤུན་འབདཝ་ལས་ ཁེ་ཕན་ལྟག་སྤྲོད་ཀྱི་ཚ་གྱང་ཚུ་བཤད་ཡོདཔ་ཨིན།

ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་གསུང་མི་ནང་ ཕྱི་འབྲེལ་བློན་པོ་ རིན་འཛིན་རྡོ་རྗེ་དང་ ཧཱ་རྫོང་ཁག་ཁྲིམས་འདུན་གྱི་དྲང་དཔོན་གཉིསཔ་འདི་ རྡོ་རྗེ་སྤུན་ཨིན་རུང་ གནད་དོན་འདི་གིས་ རྩོད་བཤེར་མཛད་པའི་སྐབས་ ཁེ་ཕན་རྟགས་སྤྲོད་ཀྱི་གནད་དོན་ཚུ་མི་འབྱུང་ཟེར་ཨིན་མས།

འདི་ཡང་ ཁྲིམས་སྤྱི་བློན་པོ་གིས་འབད་བ་ཅིན་ ཁེ་ཕན་ལྟག་སྤྲོད་ཀྱི་གནད་དོན་འདི་ ངོ་མ་རང་ ཁེ་རྒུད་གཅིག་པའི་ནང་མི་བཟའ་ཚང་དང་ ཡང་ན་ ཐད་དཀར་ དངུལ་དང་འབྲེལ་བའི་ལས་སྣ་ཚུ་ལུ་རྐྱངམ་ཅིག་ འབྱུང་འོང་ཟེར་ཨིན་མས།

ད་རུང་ ཁྲིམས་སྤྱི་བློན་པོ་གིས་གསུང་མི་ནང་ ཧཱ་གི་ཁྲིམས་ཀྱི་འདུན་ས་ལུ་ རྩོད་བཤེར་འདི་གི་དོན་ལས་ ཐིམ་ཕུག་དང་ གཞན་མི་རྫོང་ཁག་ཚུ་མི་ནང་ལས་ དྲང་དཔོན་བཏང་དགོ་པ་ཅིན་ གཞུང་ལུ་ ཟད་འགྲོ་སྦོམ་སྦེ་རང་གནས་འོང་ཟེར་ཨིན་མས།

ལྷ་ཁང་དཀརཔོ་གསར་བཞེངས་ཀྱི་ངན་ལྷད་དང་འབྲེལ་བའི་གནད་དོན་ནང་ལུ་ ཧེ་མ་ ཧཱ་རྫོང་བདག་སྦེ་ཕྱག་ཞུ་མི་ ཕྱི་འབྲེལ་བློན་པོ་ རིན་འཛིན་རྡོ་རྗེ་རྩིས་ཏེ་ མི་ངོམ་བདུན་ཚུད་དེ་ཡོདཔ་ཨིན།