
༉ ཀྲོང་གསར་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ སྦོ་ལོགས་ཁར་ཡོད་པའི་ སྒྲིང་ཁྱིམ་གྱི་ཇོ་བདག་ཚུ་ སྐྱིན་ཚབ་ག་དེ་སྦེ་བཏབ་ཚུགས་ག་ཟེར་བའི་ ཚ་གྱང་ལང་སྟེ་འདུག
འདི་ཡང་ སྒྲིང་ཁྱིམ་འདི་ཚུའི་ནང་ ཁང་གླ་ཁར་སྡོད་མི་མེད་པར་ ད་རེས་འབདཝ་ད་ ཡུདཔ་ཅི་ ལོ་ལང་དོ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།
ས་གནས་འདི་ནང་ལུ་ སྒྲིང་ཁྱིམ་ཚུ་ཡང་ སྤྱི་ལོ་༢༠༡༢ ལུ་ མཐོ་རིམ་སློབ་གྲྭ་ཆགས་པའི་ཤུལ་མ་ མཐོ་རིམ་སློབ་གྲྭའི་ལས་བྱེདཔ་དང་ སློབ་ཕྲུག་ཚུ་ལུ་ ཁང་གླ་ཁར་བཏང་ནི་སྦེ་ རྐྱབ་ཡོདཔ་ཨིན་མས།
ས་གནས་འདི་ནང་གི་ སྒྲིང་ཁྱིམ་གྱི་ཇོ་བདག་ཚུ་ལུ་ ཐོ་ཕོག་སྟེ་ཡོད་མི་ཚུ་གི་གྲལ་ལས་ བྱེམ་སྦོམ་སྦེ་ཕོག་མི་གཅིག་ སྐྱེ་ལོ་༧༢ ལང་མི་ ཀུན་ལེགས་རྡོ་རྗེ་ཨིན་མས།
ཁོ་གིས་སླབ་མི་ནང་ ཧེ་མ་འབད་བ་ཅིན་ དབང་འཛིན་ཚུ་གིས་ ཁོང་ཆ་ཁྱབ་ལུ་ སེམས་རྟོགས་ཁ་རིག་གཞུང་མཐོ་རིམ་སློབ་གྲྭ་འདི་ ས་གོ་དེ་ཁ་ཆགས་ནི་ཨིནམ་ལས་ མི་སྡེ་ནང་ལུ་ཁེ་ཕན་འབྱུང་འོང་ཟེར་ སླབ་ཡོདཔ་སྦེ་ཨིན་མས།
འདི་འབདཝ་ལས་ ཁོང་ཆ་ཁྱབ་ ཁྱིམ་ག་དེ་ཅིག་རྐྱབ་ཚུགསཔ་ཅིག་རྐྱབ་ནི་གི་ སེམས་ཤུགས་ཐོབ་ཡོདཔ་ལས་ ཁོང་ལ་ལུ་ཅིག་གིས་ ཏི་རུ་བསག་བཞག་མི་ཚུ་གིས་སྦེ་ ཁྱིམ་རྐྱབ་ཡོདཔ་ད་ ལ་ལུ་ཅིག་གིས་ ཁྱིམ་རྐྱབ་ནི་དོན་ལུ་ སྐྱིན་འགྲུལ་ལེན་ཡོདཔ་སྦེ་བཤད་ཅི།
འདི་འབདཝ་ལས་ ག་དེ་ཅིག་སྦེ་ སྐྱིན་ཚབ་བཏབ་མ་ཚུགས་པ་ཅིན་ ཁོང་རའི་ས་དང་ཁྱིམ་༢ ཆ་ར་ དངུལ་ཁང་ལུ་མི་ཤོར་ག་ཟེར་བའི་ ཚ་གྱང་ལང་དོ་ཡོདཔ་སྦེ་ཨིན་མས།
ཀུན་ལེགས་བཟུམ་སྦེ་ སྟག་རྩེ་ལུ་ སྒྲིང་ཁྱིམ་གྱི་ཇོ་བདག་༡༥ དེ་ཅིག་གི་ ཁང་མིག་ཚུ་ཡང་ ཁང་གླ་ཁར་སྡོད་མི་མེད་པར་ སྟོངམ་སྦེ་ ལུས་ཏེ་འདུག
འདི་ཡང་ […]
སྤྱི་ཟླ་༣ པའི་ཚེས་ ༢༩ ༢༠༢༡ | Posted in
གནས་ཚུལ་གཞན། |
Read More »

༉ རྒྱལ་ཁབ་ནང་ལུ་ ལཱ་གཡོག་མེད་པའི་ ན་གཞོན་ཚུ་གི་མ་དོ་བར་ སློབ་ཕྲུག་ཚུ་གི་ནང་འཁོད་ སྨྱོ་རྫས་སྤྱོད་མི་གི་གྱངས་ཁ་འདི་ མཐོ་ཤོས་ཅིག་སྦེ་ར་འདུག་ཟེར་ཨིན་མས།
སྤྱི་ཟླ་༣ པའི་ཚེས་ ༢༩ ༢༠༢༡ | Posted in
གནས་ཚུལ་གཞན། |
Read More »

༉ རྩི་རང་རྫོང་ཁག་ གསེར་གྱི་ཐང་རྒེད་འོག་ནང་ལས་ བདུན་ཕྲག་༢ ཀྱི་ཧེ་མ་ལས་ ཨེ་མ་ཧོནམ་ཚུ་ ཁྲོམ་ཁ་ལས་ཕར་བཙོང་ནི་ འགོ་བཙུགས་ཏེ་འདུག
སྤྱི་ཟླ་༣ པའི་ཚེས་ ༢༩ ༢༠༢༡ | Posted in
གནས་ཚུལ་གཞན། |
Read More »

༉ གསར་སྤང་རྫོང་ཁག་ རྟ་རས་ཐང་ལུ་ འཐུང་ཆུའི་ལས་འགུལ་འདི་ ད་རིས་ འགོ་འབྱེད་འབད་ནུག
སྤྱི་ཟླ་༣ པའི་ཚེས་ ༢༩ ༢༠༢༡ | Posted in
གནས་ཚུལ་གཞན། |
Read More »

༉ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལས་ཨིན་མི་ སྐྱེས་ལོ་ ༣༠ ལང་མི་ཕོ་སྐྱེས་གཅིག་ལུ་ དང་བླངས་རྟོག་མེད་གདོང་ཐུག་དང་ བྱེལཝ་ཟུབ་ཡོད་པའི་ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་ ༡༡ གི་འཁྲུན་ཆོད་བཏོན་ཏེ་འདུག
སྤྱི་ཟླ་༣ པའི་ཚེས་ ༢༨ ༢༠༢༡ | Posted in
ཁྲིམས་དོན།,
གནས་ཚུལ་གཞན། |
Read More »

༉ མགར་ས་རྫོང་ཁག་བདག་སྐྱོང་གིས་ ད་རེས་ནངས་པ་ མོ་ཆུ་འདི་ མགར་ས་ཚ་ཆུ་ལས་ ཁ་བསྒྱུར་གཏང་ནི་གི་ལཱ་ཚུ་ འགོ་འདྲེན་འཐབ་པའི་བསྒང་རང་ཡོདཔ་ད་ འདི་ཡང་ ཚ་ཆུ་འདི་ཁར་ ཆུ་རུད་ཀྱི་ཉེན་ཁ་ཚུ་ མར་ཕབ་འབད་ནི་གི་དོན་ལུ་ཨིན་མས།
སྤྱི་ཟླ་༣ པའི་ཚེས་ ༢༨ ༢༠༢༡ | Posted in
གནས་ཚུལ་གཞན། |
Read More »

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གཟིགས་ཞིབ་གནང་མི་དང་འབྲེལ་ ཁ་ཙ་ མོང་སྒར་ལུ་ འཕེབས་གནང་ཡི།
སྤྱི་ཟླ་༣ པའི་ཚེས་ ༢༧ ༢༠༢༡ | Posted in
གནས་ཚུལ་གཞན། |
Read More »

༉ ནད་ཡམས་བཀག་ཐབས་ཀྱི་སྨན་ཁབ་ བཞེས་ཚརཝ་ཅིན་ར་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ སྨན་ཁབ་ཀྱི་དོན་ལུ་ཁྱད་ཚད་ལྡན་མི་ འབྲུག་མི་ག་ར་གིས་ སྨན་ཁབ་འདི་བཙུགས་དགོཔ་སྦེ་ ནན་བསྐུལ་གནང་ཡི།
སྤྱི་ཟླ་༣ པའི་ཚེས་ ༢༧ ༢༠༢༡ | Posted in
གནས་ཚུལ་གཞན། |
Read More »

༉ རྒྱལ་ཁབ་ནང་ལུ་ ནད་ཡམས་བཀག་ཐབས་ཀྱི་ སྨན་ཁབ་ལས་རིམ་འདི་ ད་རིས་ལས་ འགོ་བཙུགས་ཏེ་ཡོདཔ་ཨིན།
སྤྱི་ཟླ་༣ པའི་ཚེས་ ༢༧ ༢༠༢༡ | Posted in
གནས་ཚུལ་གཞན། |
Read More »

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་གསུངས་མི་ནང་ ད་རིས་ སྨན་ཁབ་ལས་རིམ་ ཉིནམ་དང་པའི་ནང་ མི་ངོམ་སྟོང་ཕྲག་༨༥་མ་ལངམ་ཅིག་ སྨན་ཁབ་བཙུགས་ཚར་ཏེ་ཡོད་ཟེར་ཨིན་མས།
སྤྱི་ཟླ་༣ པའི་ཚེས་ ༢༧ ༢༠༢༡ | Posted in
གནས་ཚུལ་གཞན། |
Read More »