རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༨

Archive for: སྤྱི་ཟླ་༡༡ པའི་ཚེས་, ༢༠༢༠

ཆུ་སྦུག་ཚ་ཆུ་ལུ་ སྡོད་ས་མ་འཐོབ་པའི་དཀའ་ངལ།

༉ སྤུ་ན་ཁ་རྫོང་ཁག་ སྟོད་ཝང་རྒེད་འོག་ནང་ཡོད་པའི་ ཆུ་སྦུག་ཚ་ཆུ་ལུ་ ཚ་ཆུ་སྦང་པར་འོང་མི་གི་གྱངས་ཁ་ ཡར་སེང་འགྱོ་སྟེ་ར་ཡོད་མི་ལས་བརྟེན་ སྡོད་ས་འཐོབ་ཚུགས་པ་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་ཀྱི་འགོ་བཙུགས་རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རིས་ སྤྱི་ཚོགས་༣པའི་ཚོགས་ཐེངས་༤པ་འགོ་བཙུགས་ཀྱི་རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་ཡི།

སྔོན་འགྲོའི་ཆོས་རྒྱུགས་ནང་ལས་མཐར་འཁྱོལ་མི་གི་གནས་ཚད་འདི་ བརྒྱ་ཆ་༡༠གིས་ཡར་སེང་སོང་ཡོདཔ།

༉ དུས་ཅི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སྟོང་ཕྲག་ཕྱེད་ད་༥མ་ལངམ་ཅིག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་བཀལ་ས་ལས་ སྟོང་ཕྲག་༢ལྷགཔ་ཅིག་གིས་ མཐར་འཁྱོལ་ཏེ་འདུག

རྒྱལ་ཁབ་ནང་ལུ་ འགོ་དང་པ་ གསང་ཆེན་རྡོ་རྗེ་ཐེག་པའི་སློབ་སྦྱོང་སྤེལ་ཁང་གཞི་བཙུགས།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༤༠བཞེས་པའི་དུས་ཆེན་བརྩི་སྲུང་ཞུ་མི་དང་འབྲེལ་ རྡོ་རྗེ་སློབ་དཔོན་ ཀུན་ལེགས་དང་ བློན་ཆེན་ ཌག་ཊར་བློ་གྲོས་ཚེ་རིང་གིས་ ཐིམ་ཕུག་ རྟ་མགོ་ཆོས་དབྱིངས་ཕོ་བྲང་ནང་ལུ་ རྒྱལ་ཁབ་ནང་ ད་རེས་ འགོ་དང་པ་ཨིན་མི་ གསང་ཆེན་རྡོ་རྗེ་ཐེག་པའི་སློབ་སྦྱོང་སྤེལ་ཁང་ འགོ་འབྱེད་མཛད་གནང་ཡི།

འབྲུག་པའི་འཕྲུལ་སྐར་འགོ་དང་པ་འདི་ གནས་ཡུན་རྫོགས་ཏེ་ཡོདཔ།

༉ འབྲུག་པའི་ འཕྲུལ་སྐར་འགོ་དང་པ་ཅིག་ཨིན་མི་ བུ་ཊན་ཝའན་འདི་ གནམ་སྟོང་པ་ནང་ལུ་བཏང་སྟེ་ ལོ་༢ལྷགཔ་ཅིག་སྡོད་པའི་ཤུལ་ ད་རེས་ གནས་ཡུན་རྫོགས་ཏེ་འདུག

རུ་པེ་ཤོག་བྱང་གོ་རིམ་༢་པ་གསར་བཏོན་འབད་ཡོདཔ།

༉ འབྲུག་དང་རྒྱ་གར་གྱི་བློན་ཆེན་གྱིས་ ད་ས་དྲོ་པ་ ཡོངས་འབྲེལ་གྱི་ཐོག་ལས་ རུ་པེ་ཀརདྲ་ཟེར་མི་ དངུལ་བཏོན་ནི་གི་ཤོག་བྱང་ གོ་རིམ་གཉིས་པ་འདི་ གསར་བཏོན་འབད་ཡི།

བལྟ་བཤལ་ལམ་སྟོན་པའི་ ཤེས་ཚད་ཡར་སེང་འབད་དགོ་པའི་གྲོས་འཆར།

༉ འབྲུག་གི་བལྟ་བཤལ་ལམ་སྟོན་པའི་ཚོགས་པ་གིས་ བལྟ་བཤལ་ལམ་སྟོན་པ་འབད་ནིའི་དོན་ལུ་ གཞི་རྟེན་དགོས་མཁོ་གཅིག་ མཐོ་རིམ་ཤེས་ཚད་དགོཔ་སྦེ་ བཟོ་དགོ་པའི་སྐོར་ལས་ གྲོས་འཆར་བཀོདཔ་ཨིན་མས།

ཆང་ཁང་གི་ཇོ་བདག་༣་ འགག་སྡེའི་དོ་དམ་འོག་ལུ་ཡོདཔ།

༉ ཐིམ་ཕུག་ལུ་ ཆང་ཁང་གི་ཇོ་བདག་༣་ ཕྱི་རུ་ཆུ་ཚོད་༩་ འབྱིད་ཞིནམ་ལས་ཡང་ ཆང་ཁང་ཚུ་སྒོ་ཕྱི་སྟེ་བཞག་མི་ལས་བརྟེན་ འགག་སྡེའི་ དོ་དམ་འོག་ལུ་ཡོདཔ་ཨིན་མས།

བལ་ཤད་ནི་གི་འཕྲུལ་ཆས་ལས་བརྟེན་ཏེ་ བལ་གྱི་སྤུས་ཚད་ལུ་ལྷན་ཐབས།

 ༉ བཀྲ་ཤིས་སྒང་རྫོང་ཁག་ མེ་རག་རྒེད་འོག་ནང་ བལ་ཤད་ནི་གི་འཕྲུལ་ཆས་༤ལྷོད་དེ་ཡོདཔ་ལས་ ད་ལས་ཕར་ རྒེད་འོག་འདི་ནང་ ལུག་འཚོ་མི་འདི་ མང་སུ་ཅིག་སྦེ་འཐོན་ནི་བཟུམ་ཅིག་ཡོདཔ་ཨིན་མས།

སང་ཕོད་ལས་ སློབ་རིམ་༣པའི་སློབ་ཕྲུག་ཚུ་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ བརྟག་ཞིབ་འབད་ནི།

༉ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་གིས་ སང་ཕོད་ལས་ སློབ་རིམ་༣པའི་སློབ་ཕྲུག་ཚུ་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ བརྟག་ཞིབ་འབད་ནི་ཨིན་མས།