རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༡

Archive for: སྤྱི་ཟླ་༩ པའི་ཚེས་, ༢༠༢༠

ཨ་ལུ་བུཚ་ཚུ་ལུ་ ཨེཆ་པི་ཝི་གི་སྨན་ཁབ་བཙུགས་ནི་གི་ལས་རིམ།

༉ རྒྱལ་ཁབ་ནང་ལུ་ བུམོ་ཚུ་གི་དོན་ལས་ ཨེཆ་པི་ཝི་གི་སྨན་ཁབ་ལས་རིམ་ འགོ་བཙུགས་ཏེ་ ལོ་༡༠་འགྱོ་བའི་ཤུལ་ལུ་ གསོ་བའི་ལྷན་ཁག་གིས་ བུཚ་ཚུ་གི་དོན་ལུ་ཡང་ ཨེཆ་པི་ཝི་གི་སྨན་ཁབ་ལས་རིམ་འདི་ ད་རིས་ འགོ་འབྱེད་འབད་དེ་ཡོདཔ་ཨིན།

ནང་འཁོད་བལྟ་བཤལ་ཡར་དྲག་གི་དོན་ལུ་ འབྲུག་གནས་བསྐོར་ཟེར་མི་ལས་རིམ་འགོ་བཙུགས་ནི།

༉ འབྲུག་གནས་བསྐོར་ཟེར་ རྒྱལ་ཡོངས་ནང་ལུ་ བལྟ་བཤལ་གྱི་ཐོག་ལས་ གནས་བསྐོར་འགྱོ་ནི་གི་ལས་རིམ་འདི་ ཟླཝ་གཅིག་དང་ཡང་ན་ གཉིས་ཀྱི་ནང་འཁོད་རང་ འགོ་བཙུགས་འོང་ཟེར་ཨིན་མས།

ལྕམ་མཁར་ཁྲོམ་ཁ་ལུ་ ཁྱིམ་གྱི་ཇོ་བདག་༣༠དེ་ཅིག་གིས་ ཁང་གླ་ཡངས་ཆག་འབད་དེ་ཡོདཔ།

༉ བུམ་ཐང་ཁྲོམ་སྡེ་ངོ་ཚབ་ཡིག་ཚང་དང་འཁྲིལ་བ་ཅིན་ དུས་ཅི་ སྤྱི་ཟླ་༣པ་ནང་ལས་ ལྕམ་མཁར་ཁྲོམ་ཁ་ལུ་ ཁྱིམ་ཡུདཔ་ཅིག་༡༣༠དེ་ཅིག་ཡོད་ས་ལས་ ཁྱིམ་གྱི་ཇོ་བདག་༣༠དེ་ཅིག་གིས་ ཁང་གླ་ཚུ་ ཡངས་ཆག་བཏང་སྟེ་ཡོདཔ་སྦེ་ཨིནམས།

ཟུར་བཞག་དང་ནད་ཡམས་བརྟག་དཔྱད་ཀྱི་འགྲོ་སོང་ཐད་ཁར་ གདམ་ཁ་འབྱིན་ནི།

༉ ཤུལ་མའི་ཟླཝ་ནང་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ ཉེན་ཁ་ཆེ་སུ་ཡོད་པའི་ས་གནས་ནང་ལས་ ཉེན་ཁ་ཉུང་སུ་ཡོད་པའི་ས་གནས་ནང་ འགྱོ་ནི་གི་དང་འདོད་ཡོད་མི་ཚུ་གིས་ ཟུར་བཞག་ནང་སྡོད་པའི་འགྲོ་སོང་དང་ ནད་ཡམས་བརྟག་དཔྱད་ཀྱི་འཐུས་སྤྲོད་ནི་ནང་ ཁས་བླངས་འབད་རུང་བཏུབ་ནི་ཨིན་མས།

ཕུན་ཚོགས་གླིང་ལས་ རྡོ་དང་རྡོ་རུག་ཚུ་ ཕྱིར་ཚོང་འཐབ་ནི་འགོ་བཙུགས་ཏེ་ཡོདཔ།

༉ ཕུན་ཚོགས་གླིང་ལས་ རྡོ་དང་རྡོ་རུག་འདི་ཚུ་ ལོག་སྟེ་རང་ ཕྱིར་ཚོང་འཐབ་ནི་འགོ་བཙུགས་ཏེ་ བདུན་ཕྲག་གཉིས་དེ་ཅིག་ ལང་སྟེ་འདུག

སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་༢པ་ནང་ལུ་ ལས་མི་མ་ལང་པའི་དཀའ་ངལ།

༉ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་༢པ་ བཟོ་བསྐྲུན་གྱི་ལཱ་འདི་ ཞག་དུས་ཁར་ ཚར་གཉིས་སྒྲུབ་མ་ཚུགས་པར་ཡོདཔ་ཨིན་རུང་ ད་རུང་རང་ ལས་མི་མ་ལང་པའི་དཀའ་ངལ་འབྱུང་སྟེ་འདུག

བཟོ་བསྐྲུན་གྱི་ཅ་ཆས་དང་སྲ་ཆས་ཀྱི་རིགས་ ལོག་སྟེ་རང་ནང་འདྲེན་འཐབ་ནི།

༉ ནངས་པ་ལས་ བཟོ་བསྐྲུན་གྱི་ཅ་ཆས་དང་སྲ་ཆས་ཀྱི་རིགས་ ལོག་སྟེ་རང་ནང་འདྲེན་འབད་ནི་ཨིནམ་ལས་ ཚོང་པ་དང་བཟོ་སྐྲུན་གྱི་ལཱ་འབད་མི་ཚུ་ ཚ་གྱང་ལང་མི་དགོ་ནི་ཨིན་མས།

ཆུའི་གཙོ་རིམ་ལས་རིམ་འདི་ རང་དབང་གི་ཆུའི་ལས་སྡེ་ཅིག་སྦེ་བཟོ་ནི།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ལུ་ ཆུའི་ཐོན་སྐྱེད་དང་འདི་གི་འཛིན་སྐྱོང་གི་ཐད་ཁར་ ཁག་ཆེ་ཧིང་གི་སྐོར་ལས་གསུང་གནང་པའི་ཤུལ་ གཞུང་གིས་ཡང་ རང་དབང་གི་ཆུའི་ལས་སྡེ་ཅིག་ གཞི་བཙུགས་འབད་ནི་གི་དོན་ལུ་ ལཱ་ཚུ་འབད་དོ་ཡོདཔ་སྦེ་ཨིན་མས།

གོང་འཕེལ་གྱི་དམིགས་དོན་ཚུ་ ལོག་སྟེ་རང་བལྟ་དགོ་པའི་ཞུ་བ།

༉ དུས་ཅི་གི་ འཛམ་གླིང་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཞལ་འཛོམས་ཐེངས་༧༥་པ་འདི་ ཡོངས་འབྲེལ་གྱི་ཐོག་ལས་ཚོགས་དོ་ཡོདཔ་ད་ ཁ་ཙ་ཕྱི་རུ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ འཛམ་གླིང་སྤྱི་ཚོགས་ལུ་ ཡུན་བརྟན་གོང་འཕེལ་གྱི་དམིགས་དོན་དང་ གོང་འཕེལ་ཉུང་སུ་སྦེ་འགྱོ་བའི་ རྒྱལ་ཁབ་ཀྱི་དབྱེ་ཁག་ནང་ལས་ཐོན་ནིའི་དོན་ལུ་ ཞི་བཀོད་འདི་ ལོག་བཟོ་གནང་དགོ་པའི་སྐོར་ལས་ ཞུ་བ་འབད་ཡི།

དབང་འདུས་ཚེས་བཅུ་གི་སྐུ་འཆམ་བྱིན་ཅན་ རྡོ་ལུང་རཀྴ་འཆམ།

༉ དབང་འདུས་ཕོ་བྲང་གི་ ལོ་བསྟར་ཚེས་བཅུ་འདི་ དད་ཅན་གྱི་མི་ཚུ་གིས་ ཡོངས་འབྲེལ་གྱི་ཐོག་ལས་ མཇལ་ཁ་ཞུ་སྟེ་ཡོདཔ་ད་ཚེས་བཅུ་འདི་ཡང་ ད་རིས་གྲོལ་གནང་ཡི།