རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༡

Archive for: སྤྱི་ཟླ་༨ པའི་ཚེས་, ༢༠༢༠

འགྲོ་འགྲུལ་བཀག་དམ་འབད་ཞིམ་ལས་ཚུར་ སེམས་ཁམས་ཀྱི་ཞབས་ཏོག་ལེན་མི་ ཡར་སེང་སོང་སྟེ་ཡོདཔ།

༉ གཞུང་གིས་ སྤྱི་ཟླ་འདི་གི་སྤྱི་ཚེས་༡༡ལས་ འགྲོ་འགྲུལ་བཀག་དམ་འབད་ཞིན་ན་ལས་ཚུར་ སེམས་ཁམས་དང་འབྲེལ་བའི་གནད་དོན་སྐོར་ལས་ བརྒྱུད་འཕྲིན་ལྷོད་མི་འདི་ ལེ་ཤ་གིས་ ཡར་སེང་སོང་སྟེ་འདུག

ནང་འཁོད་རྩུབ་སྤྱོད་ཀྱི་གནད་དོན་ཡར་སེང་སོང་སྟེ་ཡོདཔ།

༉ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་དང་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེ་ནང་ལུ་ ད་རེས་ འགྲོ་འགྲུལ་བཀག་དམ་གྱི་ནམ་དུས་ལུ་ ནང་འཁོད་རྩུབ་སྤྱོད་དང་འབྲེལ་བའི་གནད་དོན་སྐོར་ལས་ བརྒྱུད་འཕྲིན་ལྷོད་མི་འདི་ ཡར་སེང་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

ཕྱིའི་མི་ཁུངས་ཚུ་གིས་ཡང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་ སྒྲིག་གཞི་ལུ་གནས་དགོཔ།

༉ འབྲུག་མི་གི་མ་དོ་བར་ རྒྱལ་ཁབ་ནང་ལུ་ཡོད་མི་ ཕྱིའི་མི་ཁུངས་ཚུ་གིས་ཡང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་བཀག་ཐབས་ཀྱི་ རྒྱལ་ཡོངས་ཀྱི་སྒྲིག་གཞི་འདི་ལུ་ གནས་དགོཔ་ཨིན་མས།

གནས་ཚུལ་རྫུན་མ་དར་ཁྱབ་བཏང་ནི་འདི་ ཁྲིམས་འགལ་ཨིནམ།

༉  མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ འགྲོ་འགྲུལ་བཀག་དམ་དང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་དང་འབྲེལ་བའི་གནད་དོན་ཚུ་གི་སྐོར་ལས་ གནས་ཚུལ་རྫུན་མ་ དར་ཁྱབ་བཏང་མི་ཐོན་དོ་ཡོདཔ་ཨིན།

ཀོ་ཝིཊ་ནའིན་ཊིན་གྱི་སྨན་ཁབ་འདི་ཐོནམ་ཅིག་རང་ འབྲུག་པའི་མི་རློབས་བརྒྱ་ཆ་༢༠ལུ་ ཐོབ་ནི།

༉ ག་བི་ཟེར་ རྒྱལ་སྤྱི་ནང་ལུ་ སྨན་ཁབ་ཀྱི་རྒྱབ་སྐྱོར་འབད་མི་ མཉམ་འབྲེལ་ལས་ཚོགས་འདི་གིས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་སྨན་ཁབ་འདི་བཟོ་ཚརཝ་ཅིག་རང་ འབྲུག་པའི་མི་རློབས་བརྒྱ་ཆ་༢༠་ལུ་ སྨན་ཁབ་བྱིན་སྦེ་ཁས་ལེན་འབད་ནུག

དར་དཀར་དཔལ་ལ་ལུ་ ཁྱིམ་གྱི་ཇོ་བདག་༢༡གིས་ ཁྱིམ་གྱི་ཁང་གླ་དགོངས་ཡངས་བཏང་སྟེ་ཡོདཔ།

༉ ད་རེས་ རྒྱལ་ཁབ་ནང་ལུ་ སྟབས་མ་བདེཝ་ཐོན་སྡོད་པའི་ནམ་དུས་ལུ་ དར་དཀར་ན་རྫོང་ཁག་འོག་གི་ དར་དཀར་དཔལ་ལ་ཁྲོམ་ཁ་ལུ་ཡོད་པའི་ ཁྱིམ་གྱི་ཇོ་བདག་༢༡གིས་ འབྲུག་མི་གཅིག་ཨིན་པའི་ཆ་ལས་ འགན་ཁུར་འབག་ཞིན་ན་ ད་རེས་ཟླཝ་གི་ཁྱིམ་གྱི་ཁང་གླ་ ཡངས་ཆག་བཏང་སྟེ་འདུག

ཉིན་ཞག་གཅིག་གི་ནང་ལུ་ མི་༡༠ལུ་ནད་ཡམས་ཐོབ་སྟེ་ཡོདཔ།

༉ འདས་པའི་ཉིན་ཞག་གཅིག་གི་ནང་ལུ་ ཕུན་ཚོགས་གླིང་དང་དགེ་ལེགས་ཕུག་ལས་ མི་༡༠ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོབ་སྟེ་ཡོདཔ་སྦེ་ ངོས་འཛིན་འབྱུང་སྟེ་ཡོདཔ་ལས་ རྒྱལ་ཁབ་ནང་ལུ་ ད་རེས་ ནད་ཡམས་ཐོབ་མི་གི་གྱངས་ཁ་འདི་ ༡༨༣ལུ་ལྷོད་དེ་ཡོདཔ་ཨིན།

ཆུ་ཁ་རྫོང་ཁག་འོག་གི་མི་ཆ་མཉམ་རང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་ བརྟག་དཔྱད་འབད་ནི།

༉ འདས་པའི་ཉིནམ་གཉིས་ཀྱི་ནང་འཁོད་ལུ་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོབ་མི་ མི་གསརཔ་༢༦ངོས་འཛིན་འབད་དེ་ཡོདཔ་ལས་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ཆུ་ཁ་རྫོང་ཁག་ནང་གི་མི་ག་ར་ ད་རིས་ལས་འགོ་བཙུགས་ཏེ་ བརྟག་དཔྱད་འབད་ནི་ཟེར་གསལ་བསྒྲགས་གནང་ཡི།

བར་ཆད་སེལ་ཐབས་ལུ་ རྣམ་འཇོམས་རྒྱས་པའི་སྒྲུབ་ཆེན།

༉ གཞུང་གྲྭ་ཚང་གིས་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་ལུ་ བདུན་ཕྲག་གཅིག་གི་རིང་ རྣམ་འཇོམས་རྒྱས་པའི་སྒྲུབ་ཆེན་གནང་པའི་བསྒང་རང་འདུག

སྤ་རོ་ལུ་ འགྲུལ་སྐྱོད་ཆོག་ཐམ་འདི་ ཁྲོམ་གྱི་ཉེ་འདབས་ཀྱི་ས་སྒོ་ནང་ལུ་སྡོད་མི་ཚུ་ལུ་རྐྱངམ་ཅིག་སྤྲོད་ཡོདཔ།

༉ སྤ་རོ་ལུ་ འགྲུལ་སྐྱོད་ཆོག་ཐམ་བཀྲམ་སྤེལ་འབད་ཚར་ཏེ་ཡོད་རུང་ ད་ལྟོ་ཚུན་ཚོད་ ཆོག་ཐམ་འདི་ ཁྲོམ་གྱི་ཉེ་འདབས་ཀྱི་ས་སྒོ་ནང་ལུ་སྡོད་མི་ཚུ་ལུ་རྐྱངམ་ཅིག་ བགོ་བཀྲམ་འབད་དེ་འདུག