
༉ རྒྱལ་ཁབ་ནང་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལུ་བརྟེན་ཏེ་ འབྲུག་མི་ཚུ་ ཁ་མེད་དབང་མེད་སོང་ཡོད་རུང་ ད་རུང་ར་ འབྲུག་རྒྱལ་པོའི་སྐྱིད་སྡུག་ འཕྲོ་མཐུད་དེ་ར་གནང་མི་འདི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ དགའ་སྤྲོ་ཚད་མེད་ཀྱི་སྒོ་ལས་ བཀའ་དྲིན་དགའ་འཚོར་ཚུ་ཕུལཝ་ཨིན་མས།
སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༢༠ | Posted in
གནས་ཚུལ་གཞན། |
Read More »

༉ ཁ་ཙ་ དུས་ཡུན་ཆུ་ཚོད་༢༤་ནང་ལུ་ ད་རུང་ མི་གཅིག་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོབ་ཡོདཔ་སྦེ་བརྟག་དཔྱད་འབྱུང་བའི་ཤུལ་ ད་རེས་ རྒྱལ་ཁབ་ནང་ལུ་ མི་༧༧་ལུ་ ནད་གཞི་འདི་ཐོབ་སྟེ་ཡོདཔ་ཨིན།
སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༢༠ | Posted in
གནས་ཚུལ་གཞན། |
Read More »

༉ བཀྲ་ཤིས་གཡང་རྩེ་ལུ་ ད་ལྟོ་ཚུན་ཚོད་ ཡུན་གྱངས་སྦེ་ལུས་ཏེ་ཡོད་མི་ མེ་གཱ་ཝཊ་ ༦༠༠་འབད་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་འདི་ དུས་ཅི་གི་ལོ་མཇུག་ཁམས་ལས་ འགོ་བཙུགས་ནི་ཨིན་མས།
སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༢༠ | Posted in
གནས་ཚུལ་གཞན། |
Read More »

༉ ཨ་རྟགས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་ལས་ཕར་འགྱོ་ཞིན་ན་ མི་ཚུ་ལུ་གསོ་བའི་ཞབས་ཏོག་བྱིན་མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་གསོ་བའི་སྡེ་ཚན་འདི་ ད་རེས་སྐབས་ཅིག་ སྤ་རོ་སྨན་ཁང་ནང་ལུ་ གཞི་ཆགས་ཏེ་སྡོད་ནུག
སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༢༠ | Posted in
གནས་ཚུལ་གཞན། |
Read More »

༉ པདྨ་དགའ་ཚལ་རྫོང་ཁག་ནང་ལུ་ རྒེད་འོག་གི་འཁོར་ལམ་ རྩི་ནག་མ་བཏང་མི་ གཅིག་རྐྱངམ་ཅིག་ལུས་ཏེ་ཡོདཔ་ཨིན་མས།
སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༢༠ | Posted in
གནས་ཚུལ་གཞན། |
Read More »

༉ གཞལ་སྒང་གི་རྫོང་འདི་ ན་ཐེན་ར་ ཉམས་གསོ་ཞུ་རན་ཏེ་ཡོདཔ་ད་ འདི་ཡང་ ལོ་བཅུ་ཕྲག་༦་དེ་ཅིག་གི་རིང་ རྫོང་འདི་ལུ་ ཉམས་གསོ་སྦོམ་སྦེ་ འདི་དང་འདི་ཨིན་ཟེརཝ་ཅིག་ ཞུ་ཞུཝ་མེདཔ་ཨིན་མས།
སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༢༠ | Posted in
གནས་ཚུལ་གཞན། |
Read More »

རྒྱལ་ཡོངས་དྲང་སྤྱོད་ཀྱི་གནས་ཚད་ འོས་འབབ་དང་ལྡནམ་སྦེ་ཡོདཔ།
༉ སྤྱི་ལོ་ ༢༠༡༩ ལོའི་ རྒྱལ་ཡོངས་དྲང་སྤྱོད་ཀྱི་བརྟག་ཞིབ་དང་འཁྲིལ་པ་ཅིན་ རྒྱལ་ཁབ་ཀྱི་ རྒྱལ་ཡོངས་དྲང་སྤྱོད་ཀྱི་གནས་ཚད་འདི་ འོས་འབབ་དང་ལྡནམ་སྦེ་འདུག་ཟེར་ཨིནམ་ད་ འདི་ཡང་ དྲང་སྤྱོད་ཀྱི་འཇལ་ཚད་ ཀླད་ཀོར་ལས་ ༡༠ ཚུན་ཡོད་ས་ལས་ རྒྱལ་ཁབ་ཀྱི་གནས་ཚད་འདི་ ༧ དང་ཚག་ ༩ ལུ་གནས་ཏེ་ཡོདཔ་སྦེ་ཨིན་མས།
དྲང་སྤྱོད་གནས་ཚད་ཀྱི་བརྟག་ཞིབ་འདི་ཡང་ ལས་སྡེ་གཅིག་ནང་ སྤྱི་གཡོགཔ་གཅིག་གིས་ ཞབས་ཏོག་ཚུ་བྱིན་པའི་སྐབས་ དྲང་བདེན་དང་དྭངས་གསལ་གྱི་བྱ་སྒོའི་ལམ་ལུགས་ཚུ་ལུ་ ག་དེ་སྦེ་གནས་དོ་ཡོདཔ་ཨིན་ན་དང་ ཞབས་ཏོག་ཚུ་ མི་ངོམ་རང་རྐྱང་གི་ཁེ་ཕན་ལུ་དམིགས་ཏེ་ བྱ་རིམ་མ་གྲུབ་མི་ལུ་གཞི་བཞག་སྟེ་ འབད་དོ་ཡོདཔ་ཨིན་མས།
རྒྱལ་ཡོངས་ཀྱི་དྲང་སྤྱོད་འདི་ ཕྱིའི་དྲང་སྤྱོད་དང་ ནང་འཁོད་ཀྱི་དྲང་སྤྱོད་ཀྱིས་ འཇལ་དོ་ཡོདཔ་ད་ ཕྱིའི་དྲང་སྤྱོད་འདི་མི་མང་ལས་སྡེའི་ལས་བྱེདཔ་ཚུ་གིས་ཁོང་རའི་སྒྲིག་གཡོག་ཚུ་ངན་ལྷད་དང་བྱ་སྤྱོད་ངན་པ་ཚུ་ནང་འབྲེལ་བ་མེད་པ་དྭངས་སེལ་དང་འགན་ཁྲིད་ཅན་སྦེ་བྱིན་དོ་ཡོདཔ་ཨིན་ན་མེན་ན་ཞབས་ཏོག་སྤྱོད་མི་ཚུ་གིས་དབྱེ་ཞིབ་འབད་བའི་གནས་ཚད་གཅིག་ཨིན།
འདི་བཟུམ་སྦེ་ ནང་འཁོད་ཀྱི་དྲང་སྤྱོད་འདི་མི་མང་ལས་སྡེའི་ལས་བྱེདཔ་ཚུ་གིས་ཚོར་སྣང་དང་ཉམས་མྱོང་ཚུ་གུ་གཞི་བཞག་སྟེ་ལས་སྡེའི་དྲང་སྤྱོད་དཔེར་ན་དྲང་སྤྱོད་ཀྱི་སྲོལ་དང་ལཱ་གི་དྲང་སྤྱོད་དེ་ལས་ཀུན་སྤྱོད་ཚུ་དབྱེ་ཞིབ་འབད་བའི་གནས་ཚད་གཅིག་ཨིན།
སྟེ་ སྤྱི་ལོ་ ༢༠༡༩ ལོའི་ བརྟག་ཞིབ་དང་འཁྲིལཝ་ད་ རྒྱལ་ཡོངས་དྲང་སྤྱོད་ཀྱི་གནས་ཚད་ནང་ ཕྱིའི་དྲང་སྤྱོད་ཀྱིས་ མང་སུ་ཅིག་སྦེ་ ལྷན་ཐབས་འབད་དེ་ཡོདཔ་སྦེ་ཨིན་མས།
འདི་ཡང་ ཞབས་ཏོག་སྤྱོད་མི་ཚུ་ལུ་ ཞབས་ཏོག་ཚུ་ དྲང་བདེན་དང་དྭངས་གསལ་སྦེ་ཐོབ་ནི་ནང་ དཀའ་ངལ་ཚུ་ ག་ནི་ཡང་འཐོན་ཏེ་མེད་ཟེར་བའི་ བརྡ་མཚོན་བཏོནམ་ཨིན་མས།
བརྟག་ཞིབ་འདི་ཡང་ ངན་ལྷད་ཀྱི་གནད་དོན་ཚུ་འཐོན་ནི་ནང་ ཉེན་ཁ་ཡོད་པའི་ཁར་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ནང་ ཁག་ཆེ་ཤོས་ཅིག་ཨིན་མི་ གདམ་འཐུ་འབད་དེ་ཡོད་པའི་ མི་དམངས་ལས་སྡེ་ཚུ་ནང་ལས་ཕར་ འགོ་འདྲེན་འཐབ་སྟེ་ཡོདཔ་ད་ བརྟག་ཞིབ་འདི་གིས་ […]
སྤྱི་ཟླ་༦ པའི་ཚེས་ ༢༧ ༢༠༢༠ | Posted in
གནས་ཚུལ་གཞན། |
Read More »

༉ རྒྱ་གར་དང་འབྲུག་གི་ ཡོངས་འབྲེལ་ཐོག་གི་དཔེ་མཛོད་ཀྱི་ འཆར་སྒོ་འདི་ འགོ་འབྱེད་འབད་དེ་ ལོ་༤་དེ་ཅིག་འགྱོ་བའི་ཤུལ་ལུ་ ད་རིས་ ཤེས་རིག་ལྷན་ཁག་ལུ་ རྩིས་སྤྲོད་ནུག
སྤྱི་ཟླ་༦ པའི་ཚེས་ ༢༧ ༢༠༢༠ | Posted in
གནས་ཚུལ་གཞན། |
Read More »

༉ གཞུང་གིས་བཀོད་མི་ནང་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་བརྡ་བརྒྱུད་ཚུ་ནང་ལས་ཕར་ འབྲུག་རྒྱལ་ཁབ་ཀྱིས་ རྒྱ་གར་གྱི་ཨཱ་སཱམ་མངའ་སྡེ་ནང་བཀྲམ་སྤེལ་འབད་མི་ ཞིང་ཆུའི་གཡུར་བ་ཚུ་ བསུབ་སྟེ་ཡོདཔ་སྦེ་སྙན་ཞུ་འབད་མི་འདི་ མི་བདེན་ཟེར་ཨིན་མས།
སྤྱི་ཟླ་༦ པའི་ཚེས་ ༢༧ ༢༠༢༠ | Posted in
གནས་ཚུལ་གཞན། |
Read More »

༉ སློབ་རིམ་བློ་གསར་ལས་ སློབ་རིམ་༩་པ་ཚུན་དང་ སློབ་རིམ་༡༡་པའི་སློབ་ཕྲུག་ཚུ་ སློབ་རིམ་ཡར་སེང་གི་དོན་ལུ་ དབྱེ་ཞིབ་འབད་ནི་འདི་ ཤུལ་མའི་ཟླཝ་ལས་ འགོ་བཙུགས་ནི་ཨིན་མས།
སྤྱི་ཟླ་༦ པའི་ཚེས་ ༢༧ ༢༠༢༠ | Posted in
གནས་ཚུལ་གཞན། |
Read More »