རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༡

Archive for: སྤྱི་ཟླ་༥ པའི་ཚེས་, ༢༠༢༠

ཉིན་ཞག་གཅིག་གི་ནང་ལུ་ མི་ངོམ་༡༠ནད་གཞི་ཀོ་ཝིཊ་ནའིན་ཊིན་ཐོབ་སྟེ་ཡོདཔ་སྦེ་བདའ་ཟུན་ཡོདཔ།

༉ ད་རེས་ནངས་པ་ ཉིནམ་རན་ཆད་མེད་པར་ ཕྱི་ལས་འོང་མི་ འབྲུག་མི་ཚུ་ལུ་ ནད་གཞི་ཀོ་ཝིཊ་ནའིན་ཊིན་ཐོབ་ཡོད་པའི་སྙན་ཞུ་འདི་ འཐོནམ་འཐོན་ས་ར་ཡོདཔ་ཨིན།

སྒེར་གྱི་སློབ་གྲྭའི་འཐུས་ཀྱི་ཐད་ཁར་ ལྷན་ཁག་གིས་ བར་འཛུལ་མི་འབད་ནི།

༉ ཤེས་རིག་ལྷན་ཁག་གིས་བཀོད་མི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་སློབ་གྲྭ་ག་ར་ ནད་གཞི་ཀོ་ཝིཊ་19གི་གནས་སྟངས་ལུ་བརྟེན་ཏེ་ སྒོ་བསྡམ་བཞག་དགོཔ་ཐོན་ཏེ་ཡོདཔ་ལས་ སྒེར་གྱི་སློབ་གྲྭའི་འཐུས་ཀྱི་ཐད་ཁར་ ལྷན་ཁག་གི་ཁ་ཐུག་ལས་ བར་འཛུལ་མི་འབད་ནི་སྦེ་ གྲོས་ཐག་བཅད་ནུག

སློབ་ཕྲུག་༥ལས་༡གིས་ ཏམ་ཁུ་འཐུང་དོ་ཡོདཔ་སྦེ་ཐོན་མི་འདི་ ཚ་གྱང་ལང་དགོ་པའི་གཞི།

༉ འབྲུག་རྒྱལ་ཁབ་ཀྱིས་ ཏམ་ཁུ་དང་ཏམ་ཁུ་གི་ཐོན་སྐྱེད་ཚུ་ བཙོང་ཐ་མ་ཆོག་པའི་ལམ་ལུགས་བཟོ་སྟེ་ ལོ་ངོ་༡༦དེ་ཅིག་ལང་སྟེ་ཡོདཔ་ལས་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་རང་བཏོན་ཚུགས་ཏེ་ཡོད་རུང་ ད་རུང་རང་ འབད་དགོཔ་ལེ་ཤ་ཅིག་རང་ཡོདཔ་སྦེ་ཨིན་མས།

ནད་གཞི་ཀོ་ཝིཊ་ནའིན་ཊིན་གྱི་ཤུལ་ལས་ཡང་ གཞུང་གིས་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་འཕྲོ་མཐུད།

༉ གཞུང་གིས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཁྱབ་སྤེལ་འགྱོ་བའི་དུས་ཚོད་ཁར་ སོ་ནམ་པ་ཚུ་ལུ་ ཚོད་བསྲེ་གི་ལཱ་ རྒྱ་སྦོམ་སྦེ་འབད་དགོ་པའི་ སེམས་ཤུགས་བྱིན་མི་དང་བསྟུན་ འབྲུག་པའི་སོ་ནམ་པ་མང་ཤོས་ཅིག་གིས་རང་ ཚོད་བསྲེ་གི་ལཱ་ཚུ་འབད་ནི་ འགོ་བཙུགས་ཏེ་སྦེ་འདུག

ཁྱིམ་ནང་ལས་རང་ འཐོན་མ་ཆོགཔ་སྦེ་བཟོ་དགོཔ་འཐོན་པ་ཅིན་ འདི་བསྒང་ ཨ་ལུ་སྐྱེ་ནི་ཡོད་མི་ཚུ་ལུ་ རྒྱབ་སྐྱོར་གྱི་ཐབས་ལམ།

༉ གསོ་བའི་ལྷན་ཁག་གིས་བཀོད་མི་ནང་ ག་དེམ་ཅིག་སྦེ་ རྒྱལ་ཁབ་ནང་ལུ་ མི་དང་སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཆོགཔ་བཟོ་དགོཔ་འཐོན་པ་ཅིན་ ཨ་ལུ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་གི་དོན་ལུ་ གསོ་བ་དང་ སྨན་བཅོས་ཀྱི་འཆར་གཞི་ཚུ་ བདེ་སྒྲིག་བཟོ་སྟེ་ཡོད་ཟེར་ཨིན་མས།

 དུ་བའི་ལུ་ འབྲུག་པའི་བུམོ་ཅིག་ཤི་མི་འདི་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་མེནམ།

༉ ཕྱི་འབྲེལ་བློན་པོ་གིས་ དུ་བའི་ལུ་ འབྲུག་པའི་བུམོ་ཅིག་ཤི་མི་འདི་ མི་ཚུ་གིས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ཨིནམ་སྦེ་ དོགས་པ་ཆགས་མི་འདི་ མི་བདེན་ཟེར་དོགས་གསལ་གནང་ཡི།

རྒྱལ་ཡོངས་ལ་ཁ་མཐོ་སའི་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་ ལ་ཡ་རྒེད་འོག་ལུ་ ཞོ་ལེགས་༢་དང་ གཡག་༡་བྱིན་ཡོདཔ།

༉ བུམ་ཐང་ལུ་ཡོད་པའི་ རྒྱལ་ཡོངས་ལ་ཁ་མཐོ་སའི་ ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་ ཁ་ཙ་ སྟང་ལུ་སྦེ་ ལ་ཡ་རྒེད་འོག་ལུ་ ཞོ་ལེགས་༢་དང་ གཡག་ཅིག་རྩིས་སྤྲོད་འབད་ནུག

ད་རུང་རང་ འབྲུག་མི་༡༥༣་རྒྱལ་ཁབ་ནང་ལུ་ལྷོད་དེ་ཡོདཔ།

༉ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ཕར་ ལཱ་འབད་དེ་སྡོད་མི་ ད་རུང་རང་ ཨ་ལུ་རྨས་སྐྱེ་ཅིག་རྩིས་ཏེ་ འབྲུག་མི་༡༥༣་ ད་རིས་ རྒྱལ་ཁབ་ནང་ལུ་ ལྷོད་དེ་ཡོདཔ་ཨིན།

ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་ སོ་ནམ་གྱི་ལས་སྣ་ཚུ་ ཡར་སེང་འགྱོ་ཡོདཔ།

༉ ད་རེས་ནངས་པ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་ སོ་ནམ་གྱི་ལས་སྣ་ཚུ་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན།

རྩི་རང་ལུ་ ས་པག་ཅུ་གི་བཟོ་གྲྭ་ཁང་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་སྟེ་ཡོདཔ།

༉ རྒྱལ་ཁབ་ནང་འཁོད་ཀྱི་ ས་པག་ཅུ་བཟོ་གྲྭ་འཕྲུལ་ཁང་ མང་ཤོས་ཅིག་ལུ་རང་ ཕྱི་ལས་ནང་འདྲེན་འབད་མི་ ས་པག་ཅུ་ཚུ་ལས་བརྟེན་ཏེ་ ཁོང་ཆ་ཁྱབ་ཀྱི་ས་པག་ཅུ་ཚུ་ ཚོང་འབྲེལ་འཐབ་ནི་ནང་ གདོང་ལེན་འབྱུང་དོ་ཡོད་པའི་ སྙན་ཞུ་ཚུ་བཀོད་དོ་ཡོདཔ་ཨིན་མས།