རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༡

Archive for: སྤྱི་ཟླ་༩ པའི་ཚེས་, ༢༠༡༩

འབྲུག་རྒྱལ་ཁབ་ཀྱིས་ ཡུན་བརྟན་གོང་འཕེལ་གྱི་དམིགས་དོན་ཚུ་ ཧ་སུ་ཅིག་སྦེ་ གྲུབ་ཚུགས་པའི་རེ་བ།

༉ བློན་ཆེན་ དྲོག་ཊར་ བློ་གྲོས་ཚེ་རིང་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཞལ་འཛོམས་ ཐེངས་༧༤་པའི་ནང་ ཡུན་བརྟན་གོང་འཕེལ་དམིགས་དོན་གྱི་ཐོག་ལུ་ དབུ་འཁྲིད་ཞལ་འཛོམས་ཚོགས་པའི་སྐབས་ལུ་ གསལ་ཞུ་འབད་མི་དང་འཁྲིལཔ་ད་ འབྲུག་རྒྱལ་ཁབ་ཀྱིས་ ཡུན་བརྟན་གོང་འཕེལ་གྱི་དམིགས་དོན་ཚུ་ ངེས་གཏན་བཟོ་ཚར་ཏེ་ཡོད་པའི་ཁར་ རྒྱལ་ཡོངས་ཀྱི་ལས་རིམ་མ་འདྲཝ་ཚུ་ཡང་ བརྩམ་ཚར་ཏེ་ཡོདཔ་ལས་ དམིགས་དོན་གྲུབ་ཚུགས་མི་ རྒྱལ་ཁབ་འགོ་དང་པ་ཅིག་ འཐོན་ཚུགས་པའི་རེ་བ་ཡོདཔ་སྦེ་ཨིན་མས།

འབྲུག་དང་ཐའི་ལེནཌ་གི་བར་ན་ ལྟ་བཤལ་ནང་ལཱ་འབད་མི་སྡེ་ཚན་གྱི་ཞལ་འཛོམས།

༉ ད་རིས་ ཐིམ་ཕུག་ལུ་སྦེ་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ ཐའི་ལེནཌ་གི་ལྟ་བཤལ་དབང་འཛིན་གཉིས་ཀྱི་བར་ན་ ལྟ་བཤལ་ནང་ལཱ་འབད་མི་སྡེ་ཚན་གྱི་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནུག

ཐིམ་ཕུག་ཁྲོམ་སྡེ་གིས་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་ལུ་ བལྟ་བའི་བསྒང་།

༉ ཐིམ་ཕུག་ སྐལ་སྐྱིད་སློབ་གྲྭ་ཆེ་བ་གི་ འོག་ལུ་ཡོད་པའི་ ཕྱགས་སྙིགས་བསྡུ་ལེན་འབད་སའི་ལྟེ་བ་འདི་ མགྱོགས་པ་རང་ ཕྱགས་སྙིགས་ཕྱི་སེལ་རྐྱབ་སར་དང་ བསྐྱར་གསོ་འབད་སའི་ལས་ཚན་ཅིག་སྦེ་ བཟོ་ནི་ཨིན་མས།

ནང་འཁོད་ཀྱི་སྐུདཔ་བཙོང་མི་དང་ཉོ་མི་ཚུ་གི་བར་ན་ མཉམ་འབྲེལ་འབད་ཐབས་ཀྱི་ཞལ་འཛོམས།

༉ རྒྱལ་ཁབ་ནང་ལུ་ ནང་འཁོད་ཀྱི་སྐུདཔ་བཏོན་ནི་གི་འོས་འབབ་ སྦོམ་སྦེ་ཡོད་རུང་ ཐོན་སྐྱེད་བཙོང་མི་དང་ ཉོ་མི་ཚུ་གི་བར་ན་ མཉམ་འབྲེལ་ལེགས་ཤོམ་མེད་ནི་འདི་གི་ ཐོན་སྐྱེད་ཚུ་ རེ་བ་སྐྱེད་དོ་བཟུམ་ཅིག་རང་ བཏོན་མ་ཚུགས་པར་འདུག

འཛམ་གླིང་ནང་ལུ་ བཙོག་རླུང་མར་ཕབ་འབད་ནི་གི་དོན་ལུ་རྒྱབ་སྐྱོར།

༉ བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ འཛམ་གླིང་སྤྱི་ཚོགས་གནམ་གཤིས་དང་ལེན་གྱི་ ཞལ་འཛོམས་གཅིག་ཚོགས་པའི་སྐབས་ གོང་འཕེལ་ཉུང་སྦེ་འགྱོ་ཡོད་པའི་རྒྱལ་ཁབ་ཚུ་གིས་ སྤྱི་ལོ་༢༠༣༠གི་ནང་འཁོད་ གནམ་གཤིས་གདོང་ལེན་གྱི་ཐབས་ལམ་དང་ སྤྱི་ལོ་༢༠༥༠གི་ནང་འཁོད་ བཙོག་རླུང་གི་གནད་དོན་ཚུ་ མ་པ་ལས་རང་མེདཔ་སྦེ་ བཟོ་ནི་གི་འཆར་གཞི་ཡོད་ཟེར་གསུངས་ནུག

ན་གཞོན་ཅིག་གིས་ མཐའ་ཁོར་མཐུན་འགྱུར་གྱི་ཐབས་ཤེས་ཚུ་ དབུ་ཁྲིདཔ་ཚུ་གིས་ར་བཏོན་དགོཔ།

༉ འཛམ་གླིང་སྤྱིཚོགས་ཀྱི་ གནམ་གཤིས་དང་ལེན་གྱི་ ཞལ་འཛོམས་ཚོགས་པའི་སྐབས་ མ་འོངས་པའི་མི་རབས་ཚུ་གིས་ འཛམ་གླིང་ནང་གི་དབུ་ཁྲིད་ཚུ་གིས་ མཐའ་འཁོར་བཙོག་པ་བཟོ་མི་འདི་ ཁོང་ཆ་ཁྱབ་ཀྱིས་ར་ ལེགས་ཤོམ་སྦེ་སིང་སང་ས་བཟོ་ནི་དོན་ལུ་ ཁག་ཆེ་བའི་ལཱ་ལེ་ཤ་འབད་དགོཔ་སྦེ་ ཁོ་འདོད་བསྐྱེདཔ་ཨིན་མས།

བློན་ཆེན་གྱིས་ ཞབས་སྟོང་སྦེ་ ཞལ་འཛོམས་ནང་ལུ་ གྲལ་བཞུགས་གནང་པར་འབྱོན་ཡོདཔ།

༉ གཞུང་གི་དབུ་ཁྲིདཔ་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ཕར་ སྲུང་སྐྱོབ་ག་ནི་ཡང་མེད་པར་ ཞབས་སྟོང་སྦེ་འབྱོན་སར་འཇལ་ནི་འདི་ དཀོན་སུ་ཅིག་ཨིན་རུང་ བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་དང་ འབྲུག་པའི་འཐུས་མི་སྡེ་ཚན་ཚུ་གིས་ འཛམ་གླིང་གསོ་བའི་ཁྱབ་ཚད་ཀྱི་གནད་དོན་ཐོག་ལུ་ ཆེ་མཐོའི་གནས་ཚད་ཀྱི་ཞལ་འཛོམས་དང་ གནམ་གཤིས་དང་ལེན་གྱི་ཞལ་འཛོམས་ནང་ གྲལ་བཞུགས་གནང་ནི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ཡིག་ཚང་ལྟེ་བ་ཚུན་ ཞབས་སྟོང་སྦེ་འབྱོན་ནུག

གཞལ་སྒང་ལུ་ ས་སྣུམ་གི་གོང་ཚད་ཚུ་ དུམ་གྲ་ཅིག་ཐོ་དོ་ཡོདཔ།

༉ གཞལ་སྒང་རྫོང་ཁག་ནང་ སྣུམ་འཁོར་བཏང་མི་ཚུ་གིས་བཀོད་མི་ནང་ ས་སྣུམ་གི་གོང་ཚད་ཚུ་ གཞན་མི་རྫོང་ཁག་ཚུ་དང་འཕྱདཔ་ད་ ཕྱེད་ཀྲམ་དག་པ་ཅིག་གིས་ མཐོ་དོ་ཡོདཔ་ཨིན་རུང་ རྫོང་ཁག་འདི་ དགེ་ལེགས་ཕུག་ཁྲོམ་སྡེ་གི་ སྦོ་ལོགས་ཁར་ར་འབདཝ་ལས་ འདྲ་མཉམ་མིན་འདུག་ཟེར་བཤད་ཅི།

ཧིན་དུའི་ལྷ་ཁང་ རབ་གནས་འབད་ནི་གི་ལས་རིམ།

༉ ཐིམ་ཕུག་ ཀུན་གསལ་ཕོ་བྲང་ལུ་ཡོད་པའི་ ཧིན་དུའི་ལྷ་ཁང་འདི་ གཟའ་ཟླཝ་གི་ཚེས་ རབ་གནས་འབད་ནི་ཨིན་མས།

ཞིང་ཆུའི་གཡུར་བ་སེལ་མི་དང་འབྲེལ་ ལྕང་ལཱ་རྐྱབ་མི་ཚུ་ཡར་སེང་།

༉ པདྨ་དགའ་ཚལ་རྫོང་ཁག་ ནོར་བུ་སྒང་རྒེད་འོག་ བསྟན་འཛིན་ཝ་མ་གཡུས་ཚན་ནང་ལུ་ སྤྱི་ལོ་༢༠༡༧ལུ་ ཞིང་ཆུའི་གཡུར་བ་སེལ་བའི་ཤུལ་མ་ ལྕང་ལཱ་རྐྱབ་ཚུ་ཡར་སེང་འགྱོ་ཡོདཔ་ལས་ ནང་འདྲེན་འཐབ་མི་གི་ཆུམ་ཉོ་ནི་འདི་ མར་ཕབ་འགྱོ་སྟེ་སྦེ་འདུག