
༉ འབྲུག་རྒྱལ་ཁབ་ནང་ལུ་ མངལ་སྒོའི་ཀེན་སར་འདི་ རྩ་མེད་བཏང་ནི་གི་དོན་ལུ་ ད་རིས་ གསོ་བའི་ལྷན་ཁག་གིས་ མངལ་སྒའི་ཀེན་སར་ལས་རིམ་གྱི་ཐོག་ལུ་ ཐབས་བྱུས་འཆར་གཞི་གཅིག་ འགོ་འབྱེད་འབད་དེ་འདུག
ཐབས་བྱུས་འཆར་གཞི་འདི་གིས་ ལྷན་ཁག་འདི་ལུ་ ཤུལ་མའི་ལོ་༥གི་དོན་ལས་ ཞབས་ཏོག་ཡར་དྲག་བཏང་ནི་དང་ བརྟག་དཔྱད་ཀྱི་སྤུས་ཚད་ དེ་ལས་ ནད་གཞི་འདི་ ཧ་སུ་ཅིག་སྦེ་ བརྟག་དཔྱད་འབད་ཚུགས་ནི་དང་ སྨན་བཅོས་ཀྱི་གནད་དོན་ཚུ་ ཡར་དྲག་བཏང་ནི་ནང་ ལྷན་ཐབས་འབྱུང་ནི་ཨིན་མས།
མངལ་སྒོའི་ཀེན་སར་འདི་ ལུས་འབྲེལ་ལས་སྤེལ་བའི་ནད་གཞི་ཅིག་འབདཝ་ལས་ ཧ་སུ་ཅིག་སྦེ་བརྟག་དཔྱད་འབད་ཚུགས་པ་ཅིན་ གཞན་མི་ཀེན་སར་གྱི་ནད་གཞི་ཚུ་བཟུམ་སྦེ་མེན་པར་ བཀག་ཐབས་འབད་ཚུགས་པའི་ཁར་ དྲག་ཚུགས་དོ་ཡོད་རུང་ འབྲུག་པའི་ཨམ་སྲུ་ཚུ་ལུ་ ནད་གཞི་འདི་ ད་ལྟོའི་བར་ན་ཡང་ འཇིགས་སྐུལ་དང་ཉེན་ཁ་ཆེ་བའི་ གནད་དོན་ཅིག་སྦེ་ འཐོན་ཏེ་ཡོདཔ་སྦེ་ཨིན་མས།
ལོ་བསྟར་བཞིན་དུ་རང་ མངལ་སྒོའི་ཀེན་སར་ཐོབ་མི་༥༠ལྷགཔ་རེ་ བརྟག་དཔྱད་འབྱུང་དོ་ཡོདཔ་ད་ གཞུང་གིས་ མངལ་སྒོའི་ཀེན་སར་ཐོབ་མི་ནདཔ་གཅིག་ལུ་ སྨན་བཅོས་འབད་ནི་གི་དོན་ལས་ ཟད་འགྲོ་དངུལ་ཀྲམ་འབུམ་༢མ་ལངམ་རེ་ བཏང་དོ་ཡོདཔ་སྦེ་ཨིན་མས།
འབྲུག་ལུ་ཡོད་པའི་ བརྟག་དཔྱད་ལས་རིམ་འདི་གིས་ མངལ་སྒོའི་ཀེན་སར་གྱི་སྨན་བཅོས་འདི་ དུས་ཚོད་ཁར་འབད་ཚུགས་ནི་གི་དོན་ལུ་ སྐྱེས་ལོ་༢༥ལས་༦༥ཚུན་གྱི་ཨམ་སྲུ་ཚུ་གིས་ བུ་ཚང་བརྟག་དཔྱད་ཚུ་ ལོ་༣གྱི་བར་ན་ ཚར་རེ་འབད་དགོཔ་སྦེ་ རྒྱབ་སྣོན་འབད་དེ་ཡོད་རུང་ ཨམ་སྲུ་ཚུ་ བུ་ཚང་བརྟག་དཔྱད་འབད་བར་འོང་མི་འདི་ ད་ལྟོའི་བར་ན་ཡང་ གདོང་ལེན་ཅན་ཅིག་ལུ་འགྱུར་ཏེ་སྦེ་འདུག
བུ་ཚང་འདི་ཡང་ མངལ་སྒོའི་ཀེན་སར་འདི་ ཧ་སུ་ཅིག་སྦེ་བདའ་ཟུན་ཚུགས་པའི་ ཁག་ཆེ་བའི་ བརྟག་དཔྱད་ཀྱི་ཞབས་ཅིག་འབདཝ་ལས་ ནད་གཞི་འདི་ […]
སྤྱི་ཟླ་༨ པའི་ཚེས་ ༣༠ ༢༠༡༩ | Posted in
གནས་ཚུལ་གཞན། |
Read More »

༉ དངུལ་རྩིས་ལྷན་ཁག་གིས་ གཞུང་གིས་དབང་བའི་ཚོང་ལས་༧་ལུ་ གཞུང་གི་གཙོ་རིམ་དང་འཁྲིལ་ཏེ་ ཁོང་རའི་འགན་དབང་ཚུ་ འགྱུར་བཅོས་འབད་དགོ་པའི་ རྒྱབ་སྣོན་འབད་དེ་འདུག
སྤྱི་ཟླ་༨ པའི་ཚེས་ ༣༠ ༢༠༡༩ | Posted in
གནས་ཚུལ་གཞན། |
Read More »

༉ གཞལ་སྒང་རྫོང་ཁག་ པཱན་སྦང་གི་ས་ཁོངས་ནང་ལས་ཕར་ སྤྱི་ཟླ་༧པ་ལས་འགོ་བཙུགས་ཏེ་ ཚད་ནད་ཐོབ་མི་༡༣ སྙན་ཞུ་འབད་དེ་འདུག
སྤྱི་ཟླ་༨ པའི་ཚེས་ ༣༠ ༢༠༡༩ | Posted in
གནས་ཚུལ་གཞན། |
Read More »

༉ བློན་ཆེན་ཡིག་ཚང་གིས་ རྒྱལ་ཁབ་ནང་ལུ་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་ལས་རིམ་གྱི་ དུས་ཚོད་དང་ལམ་སྟོན་ཁ་གསལ་སྦེ་བཟོ་ནི་གི་དོན་ལས་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནི་སྦེ་འདུག
སྤྱི་ཟླ་༨ པའི་ཚེས་ ༣༠ ༢༠༡༩ | Posted in
གནས་ཚུལ་གཞན། |
Read More »

༉ མོང་སྒར་རྫོང་ཁག་གི་ ཤེས་རིག་ལས་སྡེ་ལུ་ མགྱོགས་པ་རང་ ཡོངས་འབྲེལ་གྱི་ཐོག་ལས་ ཤེས་རིག་གི་གནས་སྡུད་འཛིན་སྐྱོང་དང་ བརྡ་དོན་ལམ་ལུགས་ལག་ལེན་འཐབ་མི་འདི་གིས་ བདག་སྐྱོང་དང་འཛིན་སྐྱོང་གི་གནད་དོན་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།
སྤྱི་ཟླ་༨ པའི་ཚེས་ ༣༠ ༢༠༡༩ | Posted in
གནས་ཚུལ་གཞན། |
Read More »

༉ ནང་སྲིད་བློན་པོ་གིས་ སྣུམ་འཁོར་གྱི་ཉེན་བཅོལ་ཐོབ་ལམ་མེད་རུང་ ཉེན་བཅོལ་གྱི་འཐུས་ལེན་ཡོད་མི་གི་གནད་དོན་ནང་ འབྲེལ་གཏོགས་ཡོད་པའི་ཤུལ་མ་ ད་རེས་ དགོངས་ཕོག་བཏང་སྟེ་ཡོད་མི་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ འགོ་དཔོན་༤གིས་སླབ་མི་ནང་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་བཏོན་མི་འཁྲུན་ཆོད་འདི་ འདྲ་མཉམ་མེད་པའི་ཁར་ གནམ་མེད་ས་མེད་ རྩུབ་དྲགས་ཅིག་ཨིན་མས་ཟེར་བཤད་ཅི།
སྤྱི་ཟླ་༨ པའི་ཚེས་ ༣༠ ༢༠༡༩ | Posted in
གནས་ཚུལ་གཞན། |
Read More »

༉ འབྲུག་སོར་ཚབ་ལས་སྡེ་གིས་ ཞག་གྲངས་༣༠གྱི་ནང་འཁོད་ ཡོངས་འབྲེལ་གྱི་ལམ་ལུགས་ཐོག་ལས་ མ་རྩ་དངུལ་ཀྲམ་ས་ཡ་༨ལྷགཔ་ཅིག་ བཟོ་ཚུགས་སྟེ་འདུག
སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༩ | Posted in
གནས་ཚུལ་གཞན། |
Read More »

༉ རྒྱལ་ཁབ་ནང་ལུ་ སྤྱི་ལོ་༢༠༣༠གྱི་ནང་འཁོད་ ཕྱགས་སྙིགས་མ་པ་ལས་རང་མེདཔ་སྦེ་བཟོ་ནི་དང་ ཕྱགས་སྙིགས་འཛིན་སྐྱོང་གི་གནད་དོན་ཚུ་ལུ་ གདོང་ལེན་འབད་ནི་གི་དོན་ལས་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ རྒྱ་གར་གཞུང་དང་ཆ་ མཉམ་འབྲེལ་འབད་ནི་སྦེ་འདུག
སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༩ | Posted in
གནས་ཚུལ་གཞན། |
Read More »

༉ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ ནང་སྲིད་བློན་པོ་ཤེས་རབ་རྒྱལ་མཚན་ལུ་ དངུལ་ཀྲམ་འབུམ་༢ལྷགཔ་ཅིག་གནས་པའི་ སྣུམ་འཁོར་གྱི་ཉེན་བཅོལ་མ་དངུལ་ལེན་ཡོད་པའི་ཉེས་པ་ལུ་ བཙན་ཁྲིམས་ཟླཝ་ངོ་གཉིས་ཀྱི་ འཁྲུན་ཆོད་བཏོན་ཏེ་འདུག
སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༩ | Posted in
གནས་ཚུལ་གཞན། |
Read More »

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ད་རིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ལས་གཡོག་ལྷན་ཁག་གི་ ལས་གཡོག་དང་མི་སྟོབས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་འདི་ གནས་སྐབས་ཅིག་དགོངས་ཞུ་བཏང་དགོ་པའི་ ཡི་གུ་བཏང་ནུག
སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༩ | Posted in
གནས་ཚུལ་གཞན། |
Read More »