སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བུམ་ཐང་གུ་སྨོན་ལམ་ཆེན་མོ་གྲོལ་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བུམ་ཐང་ལུ་ སྨོན་ལམ་ཆེན་མོ་ནང་ལུ་ དབུ་བཞུགས་མཛད་གནང་མི་འདི་ ད་རིས་ གྲོལ་གནང་ཡི།
| རྫོང་ཁ། | ཨིང་ལིཤ། | གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༡ |

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བུམ་ཐང་ལུ་ སྨོན་ལམ་ཆེན་མོ་ནང་ལུ་ དབུ་བཞུགས་མཛད་གནང་མི་འདི་ ད་རིས་ གྲོལ་གནང་ཡི།

༉ ཤེས་རིག་ལྷན་ཁག་གིས་ ཁ་ཙ་ ལོ་བསྟར་གཞུང་སྐྱོང་མཆོག་གྱུར་གྱི་གན་ཡིག་ བསྐྱར་ཞིབ་འབད་བའི་སྐབས་ལུ་བཀོད་མི་ནང་ ད་རེས་ཀྱི་རྩིས་ལོ་ནང་ལུ་ སློབ་རིམ་༡༠པའི་སློབ་ཕྲུག་བུམོ་ཚུ་གིས་ ཚན་རིག་དང་འཕྲུལ་རིག་ དེ་ལས་ བཟོ་རིག་དང་རྩིས་ཀྱི་ཆོས་ཚན་ནང་ལུ་ སྐུགས་བརྒྱ་ཆ་༦༠ལས་ལྷག་སྟེ་ཐོབ་མི་གི་གྱངས་ཁ་འདི་ ཡར་སེང་འབད་ནི་སྦེ་ དམིགས་གཏད་བསྐྱེད་བའི་བསྒང་ར་ ཡོདཔ་སྦེ་ཨིན་མས།

༉ ཤིང་མཁར་གོར་གཱན་གྱི་བར་ན་ལུ་ ཕྲང་ལམ་སེལ་ནི་གི་ལཱ་ཕྱི་སོང་མི་གི་ཐད་ཁར་ གཞུང་གིས་ལན་གསལ་རྐྱབ་མི་ལུ་ ལྷུན་རྩེ་གི་ ས་གནས་གཞུང་གི་འགོ་ཁྲིདཔ་དང་ མི་སེར་ཚུ་ སེམས་དང་མ་ལྡན་པར་འདུག

༉ སག་གོང་འཕེལ་མ་དངུལ་གྱིས་ འབྲུག་རྒྱལ་ཁབ་ལུ་ མ་དངུལ་ ཡུ་ཨེས་དྲོ་ལར་ས་ཡ་༣༢འབྱིན་ནི་སྦེ་ ཁས་བླངས་འབད་དེ་འདུག

༉ ཕྲལ་ཁམས་ཅིག་གི་ བརྡ་དོན་བརྒྱུན་འགྲུལ་དང་སྐྱེལ་འདྲེན་གྱི་སྙན་ཞུ་དང་འཁྲིལཔ་ད་ དུས་ཅི་ སྤྱི་ཟླ་༤པ་ལས་ སྤྱི་ཟླ་༦པ་ཚུན་ཚོད ཟླཝ་གསུམ་གྱི་ནང་འཁོད་ལུ་ སྣུམ་འཁོར་གྱི་གྱངས་ཁ་འདི་༡༥༠༠གིས་ ཡར་སེང་སོང་མི་འདི་རྩིས་ཏེ་ རྒྱལ་ཁབ་ནང་ལུ་ སྣུམ་འཁོར་གྱི་གྱངས་ཁ་འདི་ འབུམ་༡དང་སྟོང་ཕྲག་༤མ་ལངམ་ཅིག་ལུ་ ལྷོད་དེ་ཡོདཔ་སྦེ་ཨིན་མས།

༉ཀྲོང༌གསར༌ཁྲོམ༌ཁ༌དང་འཐུ༌མང༌བྲག༌གི༌བར༌ན༌ཀི་ལོ་མི་ཊར་༡༣་འབད་མི་ལམ་འདི་ ད་རེས་ནངས་པ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ ཉེན་ཁ་ཅན་ཅིག་སྦེ་ཡོདཔ་ཨིན་མས།

༉ རྒྱབ་སྐྱོར་ཟེར་མི་ ཚོང་འབྲེལ་གྱི་ལས་རིམ་ཐེངས་༢་པ་འགོ་བཙུགས་པའི་སྐབས་ ཚོང་འབྲེལ་འཐབ་མི་༢ཀྱིས་ མ་དངུལ་གྱི་རྒྱབ་སྐྱོར་ཐོབ་སྟེ་ཡོདཔ་ཨིན།

༉ བསྟན་རྒྱས་ལྷན་ཁག་འོག་གི་ སྒེར་སྡེ་གོང་འཕེལ་ཚོགས་ཆུང་འདི་ གཞུང་འབྲེལ་དུ་ འབྲུག་ཚོང་དང་བཟོ་གྲྭའི་ཚོགས་སྡེ་ལུ་ རྩིས་སྤྲོད་དེ་ཡོདཔ་ཨིན།

༉ རྒྱལ་ཁབ་ནང་ལུ་ སྡོད་ཁྱིམ་མ་ཐོབ་པའི་དཀའ་ངལ་ཡོད་མི་འདི་ གཞུང་གིས་ ཁྱིམ་གྱི་སྲིད་བྱུས་གསརཔ་འདི་ བཟོ་ཚར་བའི་བསྒང་ལས་ སེལ་ཚུགས་པའི་ རེ་བ་འདུག

༉ རྒྱལ་ཁབ་ནང་ལུ་ ཆུ་རུད་ཐོན་པའི་སྐབས་དང་ ཆརཔ་དཀོན་པའི་ནམ་དུས་ལུ་ གྲ་སྒྲིག་འབད་ནི་གི་དོན་ལས་ སང་ཕོད་སྤྱི་ཟླ་༢་པ་ནང་ལས་ འབྲུག་དང་ཇ་པཱན་གྱིས་ མཉམ་འབྲེལ་གྱི་ཐོག་ལས་ ལཱ་ཚུ་འགོ་བཙུགས་ཚུགས་པའི་ རེ་བ་འདུག