རྫོང་ཁ། | ཨིང་ལིཤ། གཟའ་ཉི་མ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༢

Archive for: སྤྱི་ཟླ་༦ པའི་ཚེས་, ༢༠༡༩

རྒྱལ་ཁབ་ནང་ལུ་ མི་དབང་རྒྱལ་བཙུན་མཆོག་ དགུང་ལོ་༢༩བཞེས་གནང་ཡོད་པའི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་།

༉ ད་རིས་ མི་དབང་རྒྱལ་བཙུན་མཆོག་གི་འཁྲུངས་སྐར་དུས་སྟོན་དང་འབྲེལ་ རྒྱལ་ཁབ་ནང་ལུ་ འཛམ་གླིང་མཐའ་འཁོར་གྱི་ཉིནམ་ བརྩི་སྲུང་འབད་ཡི།

ཞིབ་འཇུག་ཚུ་དང་འཁྲིལ་ཏེ་ སྨིན་རྒྱས་སློབ་གྲྭ་འདི་ ས་གནས་གཞན་ཁ་ལུ་ སྤོ་དགོཔ་ཡང་ འཐོན་ནི་ཨིནམ།

༉ ད༌རིས༌རྒྱལ༌ཡོངས༌ཚོགས༌འདུའི༌དྲི༌བཀོད༌ཀྱི༌བྱ༌རིམ༌སྐབས༌ལུ༌ སྒང་ཟུར་སྨིན་རྒྱས་ཀྱི་འཐུས་མི་གིས་ཞུ་མི་ནང་ ས་གཏེར་ལས་ཁུངས་ཀྱི་འགོ་དཔོན་ཚུ་གིས་ ད་ལྟོ་ཚུན་ སྨིན་རྒྱས་ལུ་ཞིབ་འཇུག་འགོ་འདྲེན་འཐབ་སྟེ་ཡོད་མི་གི་སྐོར་ལས་ ཤེས་རིག་བློན་པོ་གི་ཁ་ཐུག་ལས་ ཚོགས་ཁང་ནང་ལུ་ གསལ་ཞུ་ ཕུལ་ཚུགས་པ་ཅིན་ ཟེར་བའི་དྲི་བ་ཞུ་ཡི།

ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གཉིས་ རང་དབང་གི་ལས་སྡེ་ཅིག་སྦེ་བཟོ་མི་འདི་གིས་ཕན་ཐོགས།

༉ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ད་རིས་ བུམ་ཐང་ ཆུ་མིག་ཨུ་ར་གི་འཐུས་མི་ ཀརྨ་དབང་ཕྱུག་གིས་ མོང་སྒར་དང་དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གཉིས་ རང་དབང་གི་ལས་སྡེ་ཅིག་སྦེ་ བཟོ་ནི་སྦེ་ཡོད་མི་གི་དམིགས་ཡུལ་དང་ ཁེ་ཕན་ཚུ་གི་སྐོར་ལས་ དྲི་བ་ཞུ་ཡི།

ཆང་འཐུང་ནི་འདི་ ཚད་འཛིན་འབད་ནི་གི་དོན་ལུ་ བཅའ་ཁྲིམས་ཅིག་དགོ་པའི་སྐོར།

༉ རྒྱལ་ཡོངས་ཚོགས་སྡེ་ནང་ལུ་ ད་རིས་ འཐུས་མི་ལ་ལུ་ཅིག་གིས་ ཆང་འཐུང་ནི་འདི་ ཚད་འཛིན་འབད་ནི་གི་དོན་ལུ་ བཅའ་ཁྲིམས་ཅིག་དགོ་པའི་སྐོར་ལས་ གྲོས་འདེབས་ཕུལ་ཡི།

བུམ་ཐང་ལུ་ རྐང་འཁོར་རྒྱུག་འགྲན་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

༉ བུམ་ཐང་ བྱ་དཀར་ལུ་ ད་རིས་ ཀི་ལོ་མི་ཀྲར་༡༢འབད་མི་ རྐང་འཁོར་རྒྱུག་འགྲན་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཀུན་ལེགས་ཚེ་རིང་གིས་ ཨང་དང་པ་ཐོན་ནུག

རྒྱལ་སྤྱི་ཀེཝ་རུ་གི་ཊའི་ཀཱོན་ཌོ་གི་ འགྲན་བསྡུར་ནང་ལས་ འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཐིམ་ཕུག་ལུ་སྦེ་འགོ་འདྲེན་འཐབ་སྟེ་ཡོད་མི་ རྒྱལ་སྤྱི་ཀེཝ་རུ་གི་ཊའི་ཀཱོན་ཌོ་གི་ འགྲན་བསྡུར་ཐེངས་༥པ་ནང་ལས་ འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ རྒྱལ་སྤྱི་པཱུམ་སེ་༽གི་འགྲན་བསྡུལ་ཐེངས་༤པ་ནང་ལུ་འབད་བ་ཅིན་ རྒྱ་གར་རྒྱལ་ཁབ་ཀྱིས་ རྒྱལ་ཁ་ཐོབ་ནུག

ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ལངམ་སྦེ་མེད་མི་འདི་གིས་ ཆང་འཐུང་མི་གི་གནད་དོན་བསེལ་བ་ལུ་གདོང་ལེན།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ལུ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ཆང་ལོག་སྤྱོད་དང་འབྲེལ་བའི་གནད་དོན་གུ་ བསྐྱར་ཞིབ་སྙན་ཞུ་ཕུལ་བའི་སྐབས་ རྒྱལ་ཁབ་ནང་ལུ་ ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ལངམ་སྦེ་མེད་མི་འདི་གིས་ ཆང་འཐུང་མི་གི་གནད་དོན་བསེལ་བ་ལུ་ གདོང་ལེན་སྦོམ་སྦེ་རང་ འབྱུང་སྟེ་ཡོདཔ་སྦེ་ཨིན་མས།

གཞུང་གིས་ དམིགས་གསལ་གྱི་ལས་རིམ་མ་འདྲཝ་༩་ ལག་ལེན་འཐབ་ནི་ཨིནམ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གི་ དྲི་བཀོད་ལས་རིམ་སྐབས་ལུ་ བློན་ཆེན་ལུ་ དམིགས་གསལ་གྱི་ལས་རིམ་ཚུ་གི་གནས་ཚད་དང་ ལས་རིམ་འདི་གི་དོན་ལུ་ མ་དངུལ་ཚུ་ ག་དེ་སྦེ་རང་ བགོ་བཀྲམ་འབད་དེ་ཡོད་ག་གི་སྐོར་ལས་ དྲི་བ་ཞུ་ཡི།

གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ གྲོས་འདེབས་༣་ལུ་ རྒྱབ་སྐྱོར་ཐོབ་མ་ཚུགས་པར་ཡོདཔ།

༉ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ཁ་ཙ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ དངུལ་འབྲེལ་གྱི་ཁེ་ཕན་དང་ མ་དངུལ་གྱི་རྒྱབ་སྐྱོར་འབད་དགོ་པའི་ རྒྱབ་སྣོན་ཕུལ་མི་འདི་ལུ་ རྒྱབ་སྐྱོར་ཐོབ་མ་ཚུགསཔ་ཨིན་མས།

འཛམ་གླིང་སྤྱི་ཚོགས་བལྟ་བཤལ་ལས་ཚོགས་ཀྱི་ ཞལ་འཛོམས་ཚོགས་པའི་བསྒང་།

༉ ལུང་ཕྱོགས་དང་རྒྱལ་ཡོངས་ཀྱི་གནས་ཚད་ གཉིས་ཆ་རའི་ནང་ལུ་ ཡུན་བརྟན་བལྟ་བཤལ་གོང་འཕེལ་བཏང་ནི་གི་དོན་ལས་ འབྲུག་ལུ་ ད་རེས་འགོ་དང་པ་ ཤར་དང་ལྷོ་ དེ་ལས་ པེ་སི་ཕིག་ཨེ་ཤི་ཡ་གི་ འཛམ་གླིང་སྤྱི་ཚོགས་བལྟ་བཤལ་ལས་ཚོགས་ཀྱི་ཞལ་འཛོམས་ཐེངས་༣༡པ་ ཚོགས་པའི་བསྒང་རང་འདུག