རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༡

Archive for: སྤྱི་ཟླ་༤ པའི་ཚེས་, ༢༠༡༩

ཇ་པཱན་གཞུང་ལུ་ ཤེས་ཡོན་སྦྱང་ནི་དང་འོང་འབབ་བཟོ་ནི་གི་ ལས་རིམ་ནང་ལུ་འགྱོ་མི་ཚུ་ལུ་ རྒྱབ་སྐྱོར་གནང་དགོཔ་སྦེ་ ཞུ་བ་འབད་དེ་ཡོདཔ།

༉ ལས་གཡོག་བློན་པོ་གིས་འགོ་ཁྲིད་མཛད་དེ་ འཐུས་མི་སྡེ་ཚན་ཅིག་གིས་ ཤེས་ཡོན་སྦྱང་ནི་དང་ འོང་འབབ་བཟོ་ནི་གི་ལས་རིམ་དང་འབྲེལ་བའི་ གནད་དོན་ཚུ་གི་ཐོག་ལུ་ གྲོས་བསྟུན་འབད་ནི་གི་དོན་ལས་ ཇ་པཱན་ལུ་ ཇ་པཱན་གྱི་སྐད་ཡིག་སྤེལ་ཁང་དག་པ་ཅིག་དང་ འབྲུག་པའི་སློབ་ཕྲུག་ཚུ་དང་འཕྱད་པའི་ཤུལ་མ་ ལོག་རྒྱལ་ཁབ་ནང་ལུ་ ལྷོད་དེ་ཡོདཔ་ཨིན་མས།

གོང་འཕེལ་ཆུང་བའི་ལས་འགུལ་ཚུ་གི་དོན་ལས་ ཟད་འགྲོ་དངུལ་ཀྲམ་ ས་ཡ་སྟོང་ཕྲག་ཕྱེད་ད་༩བཏང་ནི་ཨིནམ།

༉ ལོ་༥འཆར་གཞི་༡༢པའི་ནང་ལུ་ གོང་འཕེལ་ཆུང་བའི་ལས་འགུལ་ཚུ་གི་དོན་ལས་ ཟད་འགྲོ་དངུལ་ཀྲམ་ས་ཡ་སྟོང་ཕྲག་ཕྱེད་ད་༩བཏང་ནི་ཨིན་མས།

འཛམ་གླིང་ཟ་འཐུང་སྲིད་བྱུས་ཀྱི་སྙན་ཞུ་གིས་ འབྲུག་རྒྱལ་ཁབ་ཀྱི་ ཟ་འཐུང་དང་ཟས་བཅུད་ཉེན་སྲུང་གི་ སྲིད་བྱུས་ལག་ལེན་འཐབ་ནི་ནང་ཕན་ཐོགས།

 ༉ རྒྱལ་ཁབ་ནང་ལུ་ ཟ་འཐུང་དང་ཟས་བཅུད་ཉེན་སྲུང་གི་སྲིད་བྱུས་ཡོད་རུང་ སོ་ནམ་ལྷན་ཁག་གིས་ སྲིད་བྱུས་འདི་ལག་ལེན་འཐབ་ནི་ནང་ གདོང་ལེན་འབྱུང་དོ་ཡོདཔ་སྦེ་ཨིན་མས།

སྨན་ཚོང་དང་འབྲེལ་བའི་ དོགས་པ་ཡོད་མི་ལུ་བརྟེན་ མི་༨ དོ་དམ་འོག་ལུ་བཞག་ཡོདཔ།

༉ ཕུན་ཚོགས་གླིང་གི་ཁྲིམས་སྲུང་འགག་པ་གིས་ ཁ་ཙ་ སྨན་ཚོང་དང་འབྲེལ་བའི་ དོགས་པ་ཡོད་མི་ལུ་བརྟེན་ འབྲུག་པའི་མི་ཁུངས་མིན་པའི་ ཨམ་སྲུ་༧དང་ཕོ་སྐྱེས་གཅིག་ དོ་དམ་འོག་ལུ་བཞག་སྟེ་འདུག

གཞོན་སྐྱེས་ཤི་རྐྱེན་འབྱུང་མི་གི་ གྱངས་ཁ་མར་ཕབ་འབད་ནི་གི་ ཐབས་ལམ་་བཏོན་ཏོག་པའི་རྒྱབ་སྣོན།

༉ འཛམ་གླིང་གསོ་བའི་ཚོགས་པ་དང་འཁྲིལཔ་ད་ འཛམ་གླིང་ནང་ལུ་ ལོ་བསྟར་བཞིན་དུ་རང་ གཞོན་སྐྱེས་ས་ཡ་༡་དང་འབུམ་༣་དེ་ཅེག་ ཤི་རྐྱེན་འབྱུང་དོ་ཡོད་པའི་ ཚོད་རྩིས་བཏོན་ཏེ་ཡོད་པའི་གྲས་ལས་ བཞི་དཔྱ་གཅིག་ལྷགཔ་ཅིག་ ཤར་ལྷོ་ཨེ་ཤི་ཡའི་ལུགས་ཕྱོགས་ནང་ལུ་ ཤི་དོ་ཡོདཔ་སྦེ་ཨིན་མས།

སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀྲོང་གསར་ལུ་ སྤྱན་རས་གཟིགས་ཀྱི་སྒྲུབ་ཆེན་ནང་ལུ་དབུ་བཞུགས།

༉ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་རྒེད་འོག་ནང་ལུ་ཡོད་པའི་ བཀྲིས་ཆོས་གླིང་ལྷ་ཁང་ནང་ལུ་སྦེ་ སྤྱན་རས་གཟིགས་ཀྱི་སྒྲུབ་ཆེན་ དབུ་བཞུགས་མཛད་གནང་དོ་ཡོདཔ་ཨིན་མས།

སློབ་ཕྲུག་ཚུ་གིས་ ཉལ་ཁྱིམ་འཚིགས་ཏེ་ཡོད་རུང་ དཔེ་ཆ་ལྷབ་ནི་ལུ་ ཐོ་མ་ཕོག་པར་ཡོདཔ།

༉ པདྨ་དགའ་ཚལ་རྫོང་ཁག་ གཡུ་རུང་སློབ་གྲྭ་ལྟེ་བའི་ བུཚུ་གི་ཉལ་ཁྱིམ་འདི་ གཟའ་པ་སངས་ཀྱི་ཚེས་ མེ་གིས་འཚིགས་ཡོདཔ་ཨིན་རུང་ སློབ་གྲྭ་འདི་ནང་གི་ སློབ་ཕྲུག་བུཚུ་གི་དོན་ལས་ གནས་སྟངས་འདི་ ཨ་རྟག་ག་ཨིནམ་སྦེ་རང་ སྡོད་ཚུགས་ཏེ་སྦེ་འདུག

 འདི་ཡང་ རྫོང་ཁག་བདག་སྐྱོང་གིས་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་དང་ མཉམ་འབྲེལ་འབད་དེ་ ཉམས་རྒུད་བྱུང་སྟེ་ཡོད་པའི་ སློབ་ཕྲུག་ཚུ་ལུ་ ཀྲེབ་ཀྲེམ་དང་ གོ་ལ་ དེ་ལས་ གཞན་མི་ཁག་ཆེ་བའི་མཐུ་རྐྱེན་ཚུ་ རྐྱེན་ངན་པའི་ཉིནམ་གི་ ནངས་པ་རང་ བྱིན་ཏེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ རྩིས་ཆད་བརྒྱ་ཆ་༡༢ ཀྱི་རྩིས་མར་ཕབ་འབད་ནི་ཨིནམ།

༉ གཞུང་གིས་ ལོ་ལྔ་འཆར་གཞི་༡༢་པ་ མཇུག་བསྡུ་ཁམས་ཅིག་ལས་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ནང་ལུ་ ཉོ་བཙོང་གནས་གོང་གི་རྩིས་ཆད་ བརྒྱ་ཆ་༡༢་ཀྱི་རྩིས་ མར་ཕབ་འབད་ནི་གི་ འཆར་གཞི་འདུག

 ད་རེས་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁབ་ནང་ལུ་ ཚོང་འབྲེལ་གྱི་རྩིས་ཆད་ བརྒྱ་ཆ་༢༩་དང་ཚག་༧་ཡོད་ས་ལས་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ཐོག་ལུ་ རྩིས་ཆད་བརྒྱ་ཆ་༢༠་དེ་ཅིག་ འཐོན་ཏེ་ཡོདཔ་ཨིན་མས།

དངུལ་ཕོག་ལྷན་ཚོགས་ཀྱིས་ ལུང་ཕྱོགས་ཀྱི་བལྟ་བཤལཔ་ཚུ་ལས་ འཐུས་ལེན་དགོ་པའི་རྒྱབ་སྣོན།

༉ དངུལ་ཕོག་ལྷན་ཚོགས་༤་པ་གིས་ དངུལ་ཕོག་ཡར་སེང་གི་གྲོས་འཆར་ཕུལ་མི་འདི་ རང་འཇགས་སྦེ་རང་བཞག་པ་ཅིན་ ད་ལས་ཕར་ རྒྱལ་ཁབ་ནང་ལུ་འོང་མི་ ལུང་ཕྱོགས་བལྟ་བཤལཔ་ཚུ་གིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཚུ་ སྤྲོད་དགོཔ་འཐོན་ནི་ཨིན་མས།

རྒྱ་གར་གཞུང་གིས་ མ་དངུལ་རྒྱབ་སྐྱོར་བྱིན་ནི་སྦེ་ ཁས་ལེན་འབད་མི་འདི་གཏན་འཁེལ།

༉ རྒྱ་འབྲུག་༢ཀྱི་བར་ན་ གོང་འཕེལ་མཉམ་འབྲེལ་གྱི་ ཞལ་འཛོམས་འགོ་དང་པ་ཚོགས་པའི་སྐབས་ལུ་ རྒྱ་གར་གཞུང་གིས་ ལོ་༥འཆར་གཞི་༡༢པའི་དོན་ལས་ མ་དངུལ་རྒྱབ་སྐྱོར་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༤༥བྱིན་ནི་སྦེ་ ཁས་ལེན་འབད་མི་འདི་ གཏན་འཁེལ་བཟོ་ནུག

 གནད་དོན་འདི་ཡང་ བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་ ན་ཧིང་ སྤྱི་ཟླ་༡༢པའི་ནང་ རྒྱ་གར་ལུ་ རྒྱལ་ཁམས་ཀྱི་གཟིགས་སྐོར་ནང་ འབྱོན་པའི་སྐབས་ལུ་ བློན་ཆེན་མྷོ་དཱི་གིས་ རྒྱ་གར་གཞུང་གིས་ འབྲུག་པའི་ལོ་༥འཆར་གཞི་༡༢པའི་དོན་ལུ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༤༥བྱིན་ནི་སྦེ་ གསལ་བསྒྲགས་འབད་དེ་ཡོདཔ་ཨིན།