རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༡

Archive for: སྤྱི་ཟླ་༣ པའི་ཚེས་, ༢༠༡༩

ཨམ་སྲུ་གཅིག་ལུ་ ལོ་༡༡ གི་བཙོན་ཁྲིམས་ཕོག་ཡོདཔ།

༉ ཕུན་ཚོགས་གླིང་ དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཁ་ཙ་ སྐྱེས་ལོ་༢༧ ལང་མི་ཨམ་སྲུ་ཅིག་ ཨ་ལུ་ དྲན་ཤེས་དང་ལྕོགས་གྲུབ་མེད་མི་ལུ་ གནོད་འགེལ་དང་ ཨ་ལུ་ལོ་ན་མ་སྨིན་པ་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ཉེས་པ་ལུ་བརྟེན་ ལོ་༡༡ གི་ བཙོན་ཁྲིམས་བཀལ་ནུག

སྤང་རི་ཟམ་པ་ལུ་ ལོ་བསྟར་ རྒྱ་ནག་སྤྱི་མདོས་ཀྱི་སྐུ་རིམ་གནང་དོ་ཡོདཔ།

༉ ཐིམ་ཕུག་ སྤང་རི་ཟམ་པ་ དགེ་འདུན་རྩིས་གཞུང་མཐོ་རིམ་སློབ་གྲྭ་ནང་ལུ་སྦེ་ ལོ་བསྟར་གྱི་ རྒྱ་ནག་སྤྱི་མདོས་ཀྱི་སྐུ་རིམ་འདི་ ད་རིས་ལས་གནང་ནི་འགོ་བཙུགས་ཡོདཔ་ཨིན།

འབྲུག་རྒྱལ་ཁབ་ནང་ལུ་ ཚ་འདྲོད་ཀྱི་ཚད་གཞི་འདི་ ཡར་སེང་འགྱོ་ནི་ཨིནམ།

༉ རྒྱལ་ཡོངས་ཆུ་དང་ གནམ་གཤིས་མངོན་རྟགས་ལས་ཁུངས་ཀྱི་ འབྲུག་པའི་གནམ་གཤིས་མངོན་རྟགས་དང་འཁྲིལ་ཏེ་ བརྟག་ཞིབ་ཀྱི་སྙན་ཞུ་འདི་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་དེ་ཡོདཔ་ཨིན།

བང་ལ་དེཤ་རྒྱལ་ཁབ་ རང་དབང་ཐོབ་པའི་ཉིནམ་བརྩི་སྲུང་།

༉ འབྲུག་ལུ་ཡོད་པའི་ བང་ལ་དེཤ་གི་གཞུང་ཚབ་ཡིག་ཚང་གིས་ ཁ་ཙ་ ཁོ་རའི་ རྒྱལ་ཁབ་རང་དབང་ཐོབ་པའི་ཉིནམ་ཐེངས་༤༩ པ་དང་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་འདི་ བརྩི་སྲུང་ཞུ་ཡི།

ཝང་ཕུག་རྒེད་འོག་ནང་ལུ་ བལ་གྱི་ལཱ་འབད་དེ་ གོ་ལ་འཐག་དོ་ཡོད་པའི་སྲོལ་འདི་ཉམས་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་ ཝང་ཕུག་སྤྱི་འོང་ནང་ལུ་ བལ་གྱི་ལཱ་འབད་དེ་སྦེ་ གོ་ལ་འཐག་དོ་ཡོད་པའི་སྲོལ་འདི་ ཉམས་ཡོདཔ་ཨིན་མས།

གཞུང་གིས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་གུ་ལུ་ མཚན་རྟགས་བཀོད་ཚར་ཏེ་ཡོདཔ།

༉ བློན་ཆེན་ཡིག་ཚང་གིས་ ཁ་ཉིནམ་ རྫོང་བདག་དང་ ཁྲོམ་དཔོན་ཚུ་ད་ཅིག་ཁར་ རྩིས་ལོ་༢༠༡༨ དང་༢༠༡༩ ལོའི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་གུ་ལུ་ མཚན་རྟགས་བཀོད་གནང་ཡི།

འཕྲལ་མགྱོགས་རང་ ནེའུ་ཡོག་ལུ་ རྫོང་ཁའི་སློབ་དཔོན་གཅིག་གཏང་ནི་ཨིན་མས།

༉ ཕྱི་རྒྱལ་ཁབ་ནང་ལུ་ལཱ་འབད་སྡོད་མི་ འབྲུག་མི་ཚུ་གིས་ ང་བཅས་རའི་སྔར་གྱི་ལམ་སྲོལ་ ཉམས་སྲུང་འབད་ནི་ནང་ལུ་ གདོང་ལེན་ཚུ་བྱུང་དོ་ཡོདཔ་སྦེ་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ཚེས་བཅུ་ནང་ལུ་ དབུ་བཞུགས་མཛད་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རིས་ སྤ་རོ་ཚེས་བཅུ་ཉིནམ་མཇུག་གི་ནང་ལུ་ དབུ་བཞུགས་མཛད་གནང་ཡི།

བུམ་ཐང་ལུ་ མེ་རླུང་རྒྱ་ཛི་ལང་མ་ཚུགས་པའི་གདོང་ལེན།

༉ བུམ་ཐང་རྫོང་ཁག་ནང་ལུ་ འཕྲལ་ཁམས་གཅིག་ལས་ མེ་རླུང་རྒྱ་ཛི་མ་ལང་པའི་ དཀའ་ངལ་འཐོན་ཡོདཔ་ལས་ མི་སེར་ཚུ་ སེམས་དང་མ་ལྡན་པར་འདུག

ལ་ཡ་ལུ་ ཁཝ་གིས་ གློག་མེ་གི་ཀཝ་བརྡབ་བཏང་མི་ལུ་བརྟེན་ཏེ་ གློག་མེ་བཀྲམ་སྤེལ་མེདཔ།

༉ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་ཚུ་གིས་ དུས་ཅི་ གནམ་གཤིས་འདི་ སྔོན་རྟགས་འབད་མ་ཚུགསཔ་སྦེ་འགྱུར་བཅོས་འགྱོ་ཡོད་པའི་ ཉམས་མྱོང་ཚུ་ཚོར་ཏེ་སྦེ་འདུག