རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༨

Archive for: སྤྱི་ཟླ་༢ པའི་ཚེས་, ༢༠༡༩

སྒེར་གྱི་ལས་སྡེ་ཚུ་ གོང་འཕེལ་བཏང་ནི་གི་དོན་ལས་ ཐོ་ཕོག་སྟེ་ཡོདཔ།

༉ འཛམ་གླིང་དངུལ་ཁང་གོང་འཕེལ་གྱི་ སྙན་ཞུ་དང་འཁྲིལཔ་ད་ གློག་མེ་ལས་ཚན་ཚུ་ནང་ལས་ཕར་ མ་རྩ་གཞི་བཙུགས་ཀྱི་གནས་ཚད་ མཐོ་སུ་ཅིག་སྦེ་འབད་མི་དང་ རྒྱལ་ཁམས་དཔལ་འབྱོར་ནུས་ཤུགས་ དེ་ལས་ གློག་མེ་ལས་འགུལ་ལུ་བརྟེན་ཏེ་སྡོད་མི་ སྒེར་གྱི་ལས་ཚན་ཚུ་ལུ་ ཐོ་ཕོག་སྟེ་ཡོདཔ་ཨིན་མས།

བློན་ཆེན་གྱིས་ གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་གུ་ལུ་ མཚན་རྟགས་བཀོད་ཡོདཔ།

༉ བློན་ཆེན་ དྲོག་ཊར་ བློ་གྲོས་ཚེ་རིང་གིས་ ད་རིས་ ལྷན་ཁག་༩་དང་ རང་སྐྱོང་ལས་སྡེ་༡༠་ དེ་ལས་ ཐིམ་ཕུག་རྫོང་ཁག་བདག་སྐྱོང་དང་ ཐིམ་ཕུག་ཁྲོམ་སྡེ་དང་གཅིག་ཁར་ སྤྱི་ལོ་༢༠༡༨་དང་༢༠༡༩་ལོའི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་གུ་ལུ་ མཚན་རྟགས་བཀོད་ནུག

ཐིམ་ཕུག་ལུ་ རྒྱང་མཐོང་གི་རྒྱུན་ལམ་ཚུ་ བཀྲམ་སྤེལ་མི་འབད་ནི་ཨིནམ།

༉ ཐིམ་ཕུག་ལུ་ རྒྱང་མཐོང་རྒྱུན་ལམ་གྱི་གློག་ཐག་ བཀྲམ་སྤེལ་འབད་མི་ཚུ་གིས་ ནངས་པ་ཕྱི་རུ་ལས་འགོ་བཙུགས་ཏེ་ ཨང་གནས་ཅན་གྱི་མཐུན་རྐྱེན་མ་བཙུགས་པར་ཡོད་མི་ཚུ་ལུ་ རྒྱང་མཐོང་གི་རྒྱུན་ལམ་ཚུ་ བཀྲམ་སྤེལ་མི་འབད་ནི་ཨིན་མས།

པདྨ་དགའ་ཚལ་ལུ་ རླུང་འཚུབ་ལས་བརྟེན་ཏེ་ ཁྱིམ་ཐོག་མེདཔ་བཏང་ཡོདཔ།

༉ པདྨ་དགའ་ཚལ་ལུ་ ཁ་ཙ་ཕྱི་རུ་ རླུང་འཚུབ་འཕུ་མི་ལུ་བརྟེན་ ཁྱིམ་༡༠་གྱི་ ཁྱིམ་ཐོག་ལ་ལུ་ཅིག་ འཕྱག་འབག་ཡོདཔ་ད་ གཞན་མི་ཚུ་ གནོད་སྐྱོན་དུམ་གྲ་རེ་ རྐྱབ་སྟེ་ཡོདཔ་ཨིན་མས།

ཕ་མའི་ཚོགས་ཆུང་ནང་ལས་ སྡེ་ཚན་ཅིག་གིས་ ཞིབ་དཔྱད་འབད་བར་ ཇ་པཱན་ལུ་ལྷོད་ཡོདཔ།

༉ ཇ་པཱན་གྱི་ གཞུང་མིན་ལས་ཚོགས་ཅིག་གིས་ ཇ་པཱན་ལུ་ ཤེས་ཡོན་སྦྱང་ནི་དང་འོང་འབབ་བཟོ་ནི་གི་ ལས་རིམ་བརྒྱུད་དེ་སྦེ་བཏང་མི་གི་ ལས་རིམ་འདི་ ཞབ་སྤྱད་འབད་བར་ཇ་པཱན་ལུ་ ཤོག་ཟེར་སླབ་པའི་ཤུལ་ལུ་ ཕ་མའི་ཚོགས་ཆུང་གི་གཙོ་འཛིན་དང་ ཁྲིམས་དོན་འགོ་དཔོན་གྱིས་ འགོ་འཁྲིད་འབད་དེ་ སྡེ་ཚན་ཅིག་གིས་ ཉིནམ་དག་པ་ཅིག་གི་ཧེ་མ་ ཇ་པཱན་ལུ་ལྷོད་དེ་འདུག

འབྲུག་རྒྱལ་འཛིན་མེ་ཏོག་འགྲེམས་སྟོན་ མཇུག་བསྡུ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམས་སྟོན་ ཐེངས་༥་པ་འགོ་འདྲེན་འཐབ་མི་འདི་ ད་རིས་ མཇུག་བསྡུ་ནུག

ཨམ་སྲུ་ཅིག་གིས་ གནང་བ་མེད་པར་ དངུལ་བཏོན་ཡོདཔ།

༉ འབྲུག་གི་དངུལ་ཁང་ནང་ གནས་སྐབས་ཀྱི་དོན་ལས་ ལཱ་འབད་མི་ སྐྱེས་ལོ་༣༢་ལང་མི་ཨམ་སྲུ་ཅིག་གིས་ མི་ངོ་༢་ཀྱི་རྩིས་ཁྲ་ནང་ལས་ གནང་བ་མེད་པར་ དངུལ་བཏོན་ཏེ་ཡོད་པའི་དོགས་པ་ལུ་བརྟེན་ སྤ་རོ་གི་ཁྲིམས་སྲུང་འགག་པའི་ སྤྱི་ཟླ་འདི་གི་སྤྱི་ཚེས་༡་གི་ཚེས་ལས་ དོ་དམ་འོག་ལུ་བཞག་སྟེ་སྦེ་འདུག

མི་དམངས་བསྐྱེལ་འདྲེན་གྱི་དུས་ཚོད་ འགྱུར་བཅོས་འབད་མི་ལུ་བསམ་འཆར།

༉ བུམ་ཐང་ལས་ ཐིམ་ཕུག་དང་ ཤར་ཕྱོགས་ དེ་ལས་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ལས་ཕར་ འགྲོ་འགྲུལ་འབད་མི་ མི་དམངས་བསྐྱེལ་འདྲེན་གྱི་དུས་ཚོད་འདི་ འགྱུར་བཅོས་འབད་དེ་ཡོད་མི་ལུ་ མི་དམངས་ཀྱི་ཁ་ཐུག་ལས་ བསམ་འཆར་འདྲ་མིན་སྣ་ཚོགས་སྦེ་ བཀོད་དོ་ཡོདཔ་ཨིན་མས།

ཇ་པཱན་ལུ་ཡོད་མི་འབྲུག་པའི་སློབ་ཕྲུག་ཚུ་གི་དཀའ་ངལ་ འཕྲལ་མགྱོགས་རང་སེལ་ནི་ཨིནམ།

༉ གཞུང་གིས་བཀོད་མི་ནང་ ཕྱི་རྒྱལ་གཡོག་བཙུག་ལས་རིམ་གྱི་འོག་ལུ་ ཇ་པཱན་ལུ་ འབྲུག་པའི་ན་གཞོན་འགྱོ་མི་ཚུ་གི་དོན་ལས་ སྐྱིན་འགྲུལ་བཏབ་ནི་གི་དུས་ཚོད་ ཕར་འཕུལ་བརྐྱབ་ནི་འདི་ ཉིནམ་དག་པ་ཅིག་གི་ནང་འཁོད་ལུ་རང་ ལག་ལེན་འཐབ་འོང་ཟེར་ཨིན་མས།

རླུང་ཤུགས་སྦེ་འཕུར་མི་ལུ་བརྟེན་ སྤ་རོ་རྫོང་ཁག་འོག་གི་ ཁྱིམ་༡༡ གི་ཁྱིམ་ཐོག་ཚུ་འཕྱག་བདའ་ཡོདཔ།

༉ ཁ་ཙ་དང་ཁ་ཉིནམ་ རླུང་ཤུགས་སྦེ་རང་འཕུར་མི་ལུ་བརྟེན་ སྤ་རོ་རྫོང་ཁག་འོག་གི་ རྒེད་འོག་༦ ནང་ལུ་ ཁྱིམ་༡༡ གི་ཁྱིམ་ཐོག་ཚུ་ འཕྱག་བདའ་ཡོདཔ་སྦེ་ཨིན་མས།