རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༨

Archive for: སྤྱི་ཟླ་༡ པའི་ཚེས་, ༢༠༡༩

སློབ་རིམ་བཅུ་པའི་ནང་ལས་ མཐར་འཁྱོལ་མི་ཚུ་གིས་ སློབ་རིམ་༡༡ པའི་ནང་དཔེ་ཆ་ལྷབ་ཚུགསཔ།

༉ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ ད་རིས་ སློབ་རིམ་༡༠་པའི་ཆོས་རྒྱུགས་ཀྱི་གྲུབ་འབྲས་ གསལ་སྟོན་འབད་མི་དང་འབྲེལ་ གཞུང་གིས་ ཆོས་རྒྱུགས་ནང་ལས་མཐར་འཁྱོལ་མི་ སློབ་ཕྲུག་ག་རང་ སློབ་རིམ་༡༡་པའི་ནང་ འཛུལ་བཞུགས་འབད་ཚུགས་ཟེར་ གསལ་བསྒྲགས་འབད་དེ་འདུག

འབྲུག་རྒྱལ་ཁབ་འདི་ ངན་ལྷད་ཀྱི་གནས་རིམ་༢༥ པའི་གྲངས་སུ་ཚུད་དེ་ཡོདཔ།  

༉ འབྲུག་རྒྱལ་ཁབ་ཀྱི་ སྤྱི་ལོ་༢༠༡༨་རྒྱལ་སྤྱིའི་ངན་ལྷད་རྩ་གྲོལ་དང་དྭངས་གསལ་གྱི་ འབྲེལ་གཏེགས་ནང་ལུ་ རྒྱལ་ཁབ་༡༨༠་ཀྱི་གྲལ་ལས་ གནས་རིམ་༢༥་པའི་ནང་ལུ་ ཚུད་དེ་སྦེ་འདུག

རྫོང་ཁག་ཚུ་ནང་ ཨམ་སྲུ་དང་ཨ་ལུའི་ཚོགས་ཆུང་ཚུ་ གཞི་བཙུགས་འབད་དོ་ཡོདཔ།

༉ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་ ཨ་ལུ་ཚུ་ལུ་ རྩུབ་སྤྱོད་འབྱུང་མི་གི་གནད་དོན་ཚུ་ རྩ་མེད་བཏང་ནི་གི་དོན་ལུ་ རྫོང་ཁག་ཚུ་ནང་ལས་ཕར་ ཨམ་སྲུ་དང་ཨ་ལུའི་ཚོགས་ཆུང་ཚུ་ གཞི་བཙུགས་འབད་དོ་ཡོདཔ་ཨིན་མས།

སྤུ་ན་ཁ་ ཁུ་རུ་ཐང་ལུ་ཡོད་པའི་ ན་གཞོན་ལྟེ་བ་གིས་ ན་གཞོན་ཚུ་ལུ་ཕན་ཐོགས།

༉ སྤུ་ན་ཁ་ ཁུ་རུ་ཐང་ལུ་ཡོད་པའི་ ན་གཞོན་ལྟེ་བ་འདི་ གནམ་དགུན་གྱི་ངལ་གསོའི་སྐབས་ལུ་ མི་སྡེ་ནང་གི་ན་གཞོན་ཚུ་ དོན་དག་ཡོད་པའི་ལས་དོན་ཚུ་ནང་ འབྲེལ་གཏོགས་འབད་དེ་བཞག་སའི་ ས་གོ་ཅིག་ལུ་འགྱུར་ཏེ་འདུག

ཁྲལ་ལས་ཟུར་ཐབས་འབད་བའི་ ཉེས་པ་ལུ་བརྟེན་ལོ་༥ གི་བཙོན་ཁྲིམས།

༉ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ ཁྲལ་ལས་ཟུར་ཐབས་འབད་བའི་ཉེས་པ་ལུ་བརྟེན་ ཕུན་ཚོགས་གླིང་ལུ་ཡོད་པའི་ ཇེ་པི་ཨེལ་པི་ ཚོང་ལས་ཁང་གི་ཇོ་བདག་ རྒྱ་གར་གྱི་ཕོ་རྒས་ཅིག་ལུ་ ད་རིས་ བཙོན་ཁྲིམས་ལོ་༥་གི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་མས།

སྒོར་ཁྱིམ་བརྡལ་བཏང་མི་ལས་བརྟེན་ཏེ་ མི་སེ་སེམས་དང་མ་ལྡན་པར་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ཡོད་པའི་ ཡོངས་གྲགས་ལུ་ སྒོར་ཁྱིམ་བརྡལ་བཏང་ནི་གི་ལཱ་ཚུ་ འབད་བའི་བསྒང་ར་འདུག

ཊེ་བལ་ཀྲེ་ནིསི་གི་འགྲན་བསྡུར་ནང་ལུ་ གྲལ་ཁར་གཏོགས་མི་ཚུ་ཡར་སེང་།

༉ དུས་ཅི་ རྒྱལ་ཡོངས་ཊེ་བལ་ཀྲེ་ནིསི་ཟེར་མི་ ཅོག་རིལ་གི་འགྲན་བསྡུར་ནང་ལུ་ མི་༧༠དེ་ཅིག་གིས་ བཅའ་མར་གཏོགས་མི་འདི་ ད་ལྟོ་ཚུན་ཚོད་ མཐོ་ཤོས་ཅིག་ཨིན་མས།

སློབ་རིམ་༡༢ པའི་ཆོས་རྒྱུགས་ཀྱི་གྲུབ་འབྲས་འདི་ གསལ་བསྒྲགས་འབད་ཡོདཔ།

༉ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ རྟགས་ཞིབ་ཚོགས་སྡེ་གིས་ ཁ་ཙ་ རྒྱལ་ཁབ་ནང་འཁོད་ཀྱི་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༢ པའི་ཆོས་རྒྱུགས་ཀྱི་གྲུབ་འབྲས་འདི་ གསལ་བསྒྲགས་འབད་ཡོདཔ་ཨིན།

ཏམ་ཁུ་ཚད་གཞི་ལས་བརྒལ་འབག་ཡོད་མི་ལུ་བརྟེན་ དོ་དམ་འོག་ལུ་བཞག་ཡོདཔ།

༉ རྩི་རང་ལས་ སྐྱེས་ལོ་༤༢ ལང་ཡོད་མི་ཕོ་སྐྱེས་གཅིག་ ཏམ་ཁུ་ཚད་གཞི་ལས་བརྒལ་ཏེ་ འབག་ཡོད་མི་ལུ་བརྟེན་ རྩི་རང་གི་ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་བཞག་ནུག

བཟོ་བསྐྲུན་མང་ཤོས་ཅིག་ནང་རང་ ཉེན་སྲུང་གི་ཐབས་ལམ་ཚུ་ ལེགས་ཤོམ་མེདཔ།

༉ བཟོ་བསྐྲུན་ལས་སྡེ་ཚུ་གི་ འཚོ་བའི་འཕྲོད་བསྟེན་དང་ ཉེན་སྲུང་གོམས་གཤིས་གནས་སྟངས་ཀྱི་སྐོར་ལས་ སྤྱི་ལོ་༢༠༡༧་ལུ་ འགོ་འདྲེན་འཐབ་མི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཔ་ད་ རྒྱལ་ཁབ་ནང་ལུ་ བཟོ་བསྐྲུན་མང་ཤོས་ཅིག་ནང་རང་ ཉེན་སྲུང་གི་ཐབས་ལམ་ཚུ་ ལེགས་ཤོམ་ཅིག་མེདཔ་སྦེ་མཐོང་ནུག