རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༨

Archive for: སྤྱི་ཟླ་༡༢ པའི་ཚེས་, ༢༠༡༨

སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཕོ་སྐྱེས་༧ལུ་ བཙོན་ཁྲིམས་ལོ་ཕྱེད་ད་༣ལས་༥གི་བར་ན་བཀལ་ཡོདཔ།

༉ སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ གསེར་ནག་ཚོང་འཐབ་ཡོད་པའི་ཉེས་པ་ལུ་བརྟེན་ཏེ་ ཕོ་སྐྱེས་༧ལུ་ བཙོན་ཁྲིམས་ལོ་ངོ་ཕྱེད་ད་༣ལས་༥གི་བར་ན་བཀལ་ཡོད་པའི་ འཁྲུན་ཆོད་བཏོན་ཏེ་འདུག

ཆུ་ཁ་རྫོང་ཁག་གི་སོ་ནམ་པ་ཚུ་གིས་ སློབ་གྲྭ་ཚུ་ནང་ལས་ཕར་ ཚོད་བསྲེ་དང་སྒོ་ནོར་གྱི་ཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་ནི་ཨིནམ།

༉ ཆུ་ཁ་རྫོང་ཁག་འོག་གི་ མི་སེར་སོ་ནམ་པ་ཚུ་གིས་ སང་ཕོད་སྤྱི་ཟླ་༢པ་འགོ་བཙུགས་པའི་བསྒང་ལས་ རྫོང་ཁག་འདི་ནང་ཡོད་པའི་ སློབ་གྲྭ་ཁག་ཚུ་ནང་ལས་ཕར་ ནང་འཁོད་ལས་འཐོན་པའི་ཚོད་བསྲེ་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་ནི་ཨིན་མས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ ངང་ལམ་ལུ་ཕེབས་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གཟའ་སྤེནམ་ལས་ པདྨ་དགའ་ཚལ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོའི་ནང་ དབུ་བཞུགས་མཛད་གནང་ནི་གི་དོན་ལུ་ ངང་ལམ་ལུ་ཕེབས་གནང་ནུག

སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་སྒོ་རིམ་༡པ་དང་༢པའི་ནང་ལུ་ རྩིས་ཆད་བྱུང་མི་འདི་མ་སེལ་བར་ཡོདཔ།

༉ སྤྱི་ལོ་༢༠༡༧ལོའི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་སྙན་ཞུ་ནང་ལུ་ གཞན་མི་གློག་མེད་ལས་འགུལ་ཚུ་དང་འཕྱདཔ་ད་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་སྒོ་རིམ་༢པའི་ནང་ལུ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༣དེ་ཅིག་ རྩིས་སྒྲིག་མ་བྱུང་མི་འདི་ མཐོ་ཤོས་ཅིག་ཨིནམ་སྦེ་འཁོད་དེ་འདུག

མི་དབང་རྒྱལ་ཡུམ་མཆོག་གིས་ གསར་སྤང་ལུ་ ཆེ་རིམ་གནས་ཚད་ཀྱི་སྐུལ་ཁྱབ་བརྡ་སྤྲོད་གནང་པའི་བསྒང་ཡོདཔ།

༉ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དགེ་ལེགས་ཕུག་ལུ་སྦེ་ རྫོང་ཁག་༢༠གི་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་ བླམ་གནས་བརྟན་ཚུ་དང་གཅིག་ཁར་ མཇལ་འཕྲད་གནང་ནུག

སྐྱབས་རྗེ་མཆོག་གིས་ གདུང་བསམ་ཆུ་ཟམ་ འགོ་འབྱེད་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གཟའ་མིག་དམར་ལུ་ བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་ཐལ་བའི་ཟམ་གཅིག་ འགོ་འབྱེད་མཛད་གནང་ཡི།

ཇ་པཱན་ལུ་འགྱོ་མི་འབྲུག་པའི་ཨ་ལུ་དང་ཕམ་ཚུ་གིས་ ལས་སྡེ་ལུ་ ཁ་ཉེས་བཀལ་དོ་ཡོདཔ།

༉ ཇ་པཱན་ལུ་ ཤེས་ཡོན་སྦྱང་ནི་དང་འོང་འབབ་བཟོ་ནི་གི་ལས་རིམ་བརྒྱུད་དེ་སྦེ་བཏང་མི་ འབྲུག་པའི་ཨ་ལུ་དང་ཕམ་ཚུ་གིས་ གཞུང་ལུ་ བར་འཛུལ་འབད་དགོ་པའི་སྐོར་ལས་ ཞུ་བ་ཕུལ་ཏེ་ཡོདཔ་མ་ཚད་ བྷུ་ཊཱན་ཨེམ་པོ་ལོའི་མེནཌ་ཨོ་བར་སིས་ཟེར་མི་ སྒེར་གྱི་ལས་སྡེ་གིས་ཡང་ ལཱ་ཚུ་ གན་ཡིག་དང་མ་འཁྲིལ་བར་འབད་དེ་འདུག་ཟེར་ ཁ་ཉེས་བཀལཝ་ཨིན་མས།

རྒྱལ་ཡོངས་ཤེས་རིག་ཞལ་འཛོམས་ཐེངས་༡༩པ།

༉ རྒྱལ་ཡོངས་ཤེས་རིག་གྲོས་ཚོགས་ཐེངས་༡༩པའི་སྐབས་ལུ་ སློབ་གྲྭ་ཆུང་བའི་སློབ་ཕྲུག་ཚུ་ ཆོས་རྒྱུགས་རྐྱབ་མ་དགོཔ་སྦེེ་བཟོ་ནི་དང་ སློབ་རིམ་༡༠པ་མཐར་འཁྱོལ་ཞིནམ་ལས་ གཞུང་གི་སློབ་གྲྭ་ཚུ་ནང་ལས་ཕར་ འཕྲོ་མཐུད་དེ་ཤེས་ཡོན་སྦྱང་ནི་གི་དོན་ལུ་ སྐུགས་ཀྱི་ཚད་གཞི་མེདཔ་སྦེ་བཟོ་ནི་ དེ་ལས་ གཟའ་ཉིནམ་ལུ་ ངལ་གསོ་སྦེ་བཞག་ནི་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནི་ཨིན་མས།

རྒྱལ་ཡོངས་སློབ་གྲྭའི་རྩེད་རིགས་ཐེངས་༡༥པ།

༉ སྤུ་ན་ཁ་ལུ་ རྒྱལ་ཡོངས་སློབ་གྲྭའི་རྩེད་རིགས་ཐེངས་༡༥འགོ་འདྲེན་འཐབ་ས་ལུ་ རྒྱལ་ཁབ་ནང་འཁོད་ལས་ སློབ་ཕྲུག་༤༠༠དེ་ཅིག་གིས་ གྲལ་ཁར་གཏོགས་ཅི།
ཉིནམ་ལྔ་གི་ལས་རིམ་འདི་ གཟའ་ལྷགཔ་གི་ཚེས་ མཇུག་བསྡུ་མི་དང་འབྲེལ་ ཁོང་སློབ་ཕྲུག་ཚུ་གིས་ བཱས་ཀེཊ་བཱོལ་དང་ བོ་ལི་བཱོལ་ དེ་ལས་ བེཌ་མེན་ཊོན་དང་ ཊེ་བཱལ་ཊེ་ནིས་ དེ་ལས་ ཅེས་ཚུ་གི་ནང་ལུ་ དོ་འགྲན་འབད་ནུག
འགྲན་བསྡུར་འབད་མི་ཚུ་ཡང་ རྫོང་ཁག་གི་རྩེད་རིག་ལས་རིམ་ཚུ་ མཇུག་བསྡུ་བའི་ཤུལ་ལུ་ ལུང་ཕྱོགས་ཀྱི་གནས་ཚད་ཁ་ལས་ རྒྱལ་ཁ་འཐོབ་མི་ཚུ་ཨིན་མས།
རྩེད་རིགས་ཀྱི་ལས་རིམ་འདི་ གཟུགས་ཁམས་འཕྲོད་བསྟེན་ཚུ་ ཡར་རྒྱས་བཏང་ནི་དང་ ན་གཞོན་དང་སློབ་ཕྲུག་ཚུ་ ཁག་ཆེ་བའི་ལས་རིམ་ཚུ་ནང་ གྲལ་གཏོགས་འབད་བཞག་ནི་གི་དོན་ལུ་ དམིགས་གཏད་བསྐྱེད་དེ་ འགོ་འདྲེན་འཐབ་ཡོདཔ་སྦེ་བཤད་ཅི།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དྲི་མེད་རྣམ་གཉིས་མཆོད་རྟེན་འདི་ བཀྲ་ཤིས་རབ་གནས་མཛད་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བསམ་གྲུབ་ལྗོངས་མཁར་ལུ་ དྲི་མེད་རྣམ་གཉིས་མཆོད་རྟེན་འདི་ བཀྲ་ཤིས་རབ་གནས་མཛད་གནང་ནུག