རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༨

Archive for: སྤྱི་ཟླ་༡༡ པའི་ཚེས་, ༢༠༡༨

ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ འབྲུག་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༣༥ གི་གནང་སྦྱིན།

༉ འབྲུག་གཞུང་དང་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ ཁ་ཙ་ ཡུ་ཨེསི་ཌོ་ལར་ས་ཡ་༣༥ གི་གནང་སྦྱིན་གུ་ལུ་ མཚན་རྟགས་བཀོད་དེ་ཡོདཔ་ཨིན།

དར་དཀར་ན་རྫོང་ཁག་ནང་ལུ་ ཚལ་ལུའི་ཐོན་ཤུགས་ལེགས་ཤོམ་ཡོདཔ།

༉ དར་དཀར་ན་རྫོང་ཁག་ སྒོ་བཞི་རྒེད་འོག་ནང་ལུ་ དུས་ཅི་ ཚལ་ལུའི་ཐོན་ཤུགས་ལེགས་ཤོམ་སྦེ་ཡོདཔ་ལས་ རྒེད་འོག་འདི་ནང་གི་མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་མས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྨོན་ལམ་ཆེན་མོའི་ནང་ལུ་ དབུ་བཞུགས་མཛད་པའི་བསྒང་།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་གི་ལོ་བསྟར་སྨོན་ལམ་ཆེན་མོ་ཐེངས་༣པ་ནང་ལུ་ དབུ་བཞུགས་མཛད་པའི་བསྒང་རང་ཡོདཔ་ཨིན།

ཉི་མ་དང་ཟླ་བ་གཉིས་ སྨན་ཁང་ནང་ལས་བཏང་ཡོདཔ།

༉ འབྲུག་ལུ་ ད་རེས་འགོ་དང་པ་ གཟུགས་གཅིག་ཁར་སྦྱར་ཏེ་སྐྱེས་མི་ ཉི་མ་དང་ཟླ་བ་འདི་ ཨཱས་ཊེ་ལི་ཡཱ་གི་ཁྲོམ་ཚོགས་ མྷལ་བོཎ་ལུ་ཡོད་པའི་ རྒྱལ་འཛིན་ཨལུའི་སྨན་ཁང་ནང་ལས་ ད་རིས་ བཏང་ནུག

རྒྱལ་ཡོངས་ཀྱི་མིག་ཏོ་ཞབས་ཏོག་ལྟེ་བ་ རྐྱབ་མི་འདི་གིས་ཁེ་ཕན།

༉ རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་རྒྱལ་ཡོངས་མིག་ཏོ་ལྟེ་བ་རྐྱབ་ཚར་བའི་བསྒང་ལས་ རྒྱལ་ཁབ་ནང་ལུ་ མིག་ཏོ་དང་འབྲེལ་བའི་སྨན་བཅོས་ཀྱི་ཞབས་ཏོ་ཚུ་ ཡར་དྲག་བཏང་ཚུགས་པའི་ རེ་བ་ཡོདཔ་ཨིན་མས།

སོ་ནམ་གྱི་ཚོང་ལཱ་ཆུང་བ་འགོ་འདྲེན་འཐབ་མི་ རྫོང་ཁག་འགོ་དང་པ།

༉ ཆུ་ཁ་དང་བསམ་རྩེ་རྫོང་ཁག་འདི་ རྒྱལ་ཁབ་ནང་ལུ་ ཚོང་འབྲེལ་གྱི་དོན་ལས་ སོ་ནམ་གྱི་ཚོང་ལཱ་ཆུང་བ་འགོ་འདྲེན་འཐབ་མི་ རྫོང་ཁག་འགོ་དང་པ་ཅིག་སྦེ་ འོང་ནི་ཨིན་མས།

ཨམ་སྲུ་ཚུ་གི་དོན་ལུ་ ཚོང་ལཱ་གི་རིག་པ་བཏོན་ནི་གི་ལས་རིམ།

༉ ཐིམ་ཕུག་ལུ་ ད་རེས་འགོ་དང་པ་ ཨམ་སྲུ་ཚུ་གི་དོན་ལུ་ ཚོང་ལཱ་གི་རིག་པ་བཏོན་ནི་གི་ལས་རིམ་ འགོ་འདྲེན་འཐབ་མི་འདི་ ཁ་ཙ་ མཇུག་བསྡུ་ཡི།

སང་ཕོད་ལས་ སོ་ནམ་དང་བཟའ་འཐུང་ཉེན་སྲུང་གི་རྩ་གཞུང་ འགོ་བཙུགས་ནི་ཨིནམ།

༉ སོ་ནམ་དང་བཟའ་འཐུང་ཉེན་སྲུང་གི་རྩ་གཞུང་འདི་ སང་ཕོད་ལས་ སློབ་རིམ་༩པ་ལས་༡༢པ་ཚུན་ གདམ་ཁ་ཅན་གྱི་ཆོས་ཚན་ཅིག་སྦེ་ བཟོ་ནི་ཨིན་མས།

མང་སྡེ་ཆུ་གློག་མེ་ལས་འགུལ་མཇུག་བསྡུ་ནིའི་དུས་ཚོད་ ཟླཝ་གཅིག་གིས་ ཕར་འགྱངས་འབད་ཡོདཔ།

༉ ཀྲོང་གསར་ལུ་ཡོད་པའི་ མེ་ག་ཝཊ་༧༢༠ སྦེ་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་འདི་ ད་རེས་ཀྱི་ཟླཝ་མཇུག་བསྡུ་ཁམས་ཅིག་ལས་ ལཱ་འབད་ནི་འགོ་བཙུགས་དགོཔ་སྦེ་ཡོདཔ་ཨིན་རུང་ ཤུལ་མའི་ཟླཝ་མཇུག་བསྡུ་ཁམས་ཚུན་ཚོད་ ཕར་འཕུལ་རྐྱབ་སྟེ་འདུག

གསེར་ནག་ཚོང་ནང་དོགས་པ་ཡོད་མི་ འབྲུག་པའི་ཕོ་སྐྱེས་༤ བཟུང་ཡོདཔ།

༉ རྒྱ་གར་གྱི་ཁྲིམས་སྲུང་འགོ་དཔོན་ཚུ་གིས་ གསེར་ནག་ཚོང་འཐབ་ནི་གི་ དཔའ་བཅམ་ཡོད་པའི་ དོགས་པ་ལུ་བརྟེན་ འབྲུག་པའི་ཕོ་སྐྱེས་༤ བཟུང་སྟེ་སྦེ་ཡོདཔ་ཨིན་མས།