རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༨

Archive for: སྤྱི་ཟླ་༡༠ པའི་ཚེས་, ༢༠༡༨

ཌོག་ཊར་ བློ་གྲོས་ཚེ་རིང་འདི་ འབྲུག་པའི་བློན་ཆེན་སྦེ་ བསྐོ་བཞག་གནང་ཡོདཔ།

༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཁ་ཙ་ལས་ འབྲུག་པའི་བློན་ཆེན་གྱི་གོ་གནས་ བཞེས་ཏེ་ཡོདཔ་ཨིན།

རྒྱལ་ཁབ་ནང་ལུ་ གནས་སྐབས་ཀྱི་གཞུང་འདི་ ད་རིས་ལས་ རྩ་གྲོལ་སོང་སྟེ་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ གནས་སྐབས་ཀྱི་གཞུང་འདི་ ད་རིས་ལས་ རྩ་གྲོལ་སོང་སྟེ་ཡོདཔ་ཨིན།

སྟང་སློབ་གྲྭ་ལྟེ་བའི་སློབ་དཔོན་ཚུ་གིས་ ལྕངམ་མཁར་ལུ་ ཚོད་བསྲེ་ཚུ་བཙོང་ནི་འགོ་བཙུགས་ཏེ་ཡོདཔ།

༉ བུམ་ཐང་རྫོང་ཁག་ ལྕངམ་མཁར་ཁྲོམ་ཁ་ལུ་ཡོད་པའི་ ཚོད་བསྲེ་ཁྲོམ་ཁ་ལུ་ དུས་རྒྱུན་གྱི་ཚོད་བསྲེ་བཙོང་མི་ཚུ་དང་གཅིག་ཁར་ ད་རེས་ སྟང་སློབ་གྲྭ་ལྟེ་བའི་སློབ་དཔོན་ཚུ་གིས་ཡང་ ཚོད་བསྲེ་ཚུ་བཙོང་ནི་འགོ་བཙུགས་ཏེ་འདུག

འབྲུག་པའི་སྡེ་ཚན་འདི་ ལྷོ་ཨེ་ཤི་ཡན་སྐྱེ་ལོ་༡༥མན་ཆད་ཀྱི་རྐང་རྩེད་འགྲན་བསྡུར་ནང་ལུ་ དོ་འགྲན་འབད་ནི་གི་གོ་སྐབས་རྫོགས་ཡོདཔ།

༉ འབྲུག་པའི་སྡེ་ཚན་འདི་ ད་རིས་ རྒྱ་གར་ལས་ ཕམ་སོང་མི་ལུ་བརྟེན་ ལྷོ་ཨེ་ཤི་ཡན་ སྐྱེ་ལོ་༡༥མན་ཆད་ཀྱི་རྐང་རྩེད་འགྲན་བསྡུར་ནང་ལུ་ དོ་འགྲན་འབད་ནི་གི་གོ་སྐབས་འདི་ ནེ་ཅིག་སྦེ་ རྫོགསཔ་ཨིན་མས།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གིས་ མི་སེར་སོ་ནམ་པ་ཚུ་ལུ་ བྱཱ་ལཱ་རྐྱབ་ནི་ནང་ ཆ་རོགས་འབད་དོ་ཡོདཔ།

༉ བཀྲིས་སྒང་ བཀང་ལུང་ལུ་ཡོད་པའི་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གིས་ ས་གནས་འདི་ནང་གི་མི་སེར་སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་ནི་དང་བྱཱ་བསྡུ་ནི་གི་དུས་ཚོད་ཁར་ ཆ་རོགས་ཚུ་འབད་དེ་རང་ཡོདཔ་ཨིན་མས།

ཧཱ་རྫོང་ཁག་སྨན་ཁང་ནང་ལུ་ གསོ་བའི་ལས་བྱེདཔ་མ་ལང་པའི་ དཀའ་ངལ་ཡོདཔ།

༉ ཧཱ་རྫོང་ཁག་འོག་གི་མི་སེར་ཚུ་གིས་ རྫོང་ཁག་སྨན་ཁང་གཅིག་ཐོབ་ནི་གི་དོན་ལུ་ ལོ་ལེ་ཤ་ཅིག་བསྒུག་པའི་ཤུལ་མ་ དུས་ཅི་ སྤྱི་ཟླ་༥པའི་ནང་ལུ་ ཞབས་ཏོག་ཡར་དྲག་བཏང་སྟེ་ཡོད་པའི་ རྫོང་ཁག་སྨན་ཁང་ཅིག་ཐོབ་སྟེ་འདུག

ཚོགས་དཔོན་གྱི་གོ་གནས་ཁར་ ལྡོག་ཕྱོག་ཚོགས་པ་གིས་ཡང་ དོ་འགྲན་འབད་ནི་སྦེ་ཡོདཔ།

༉ འབྲུག་པའི་དམངས་གཙོའི་རིང་ལུགས་ཀྱི་ རྒྱལ་རབས་ནང་ལུ་ ད་རེས་ འགོ་དང་པ་ ལྡོག་ཕྱོགས་ཚོགས་པའི་ནང་ལས་ འདེམས་ངོ་༢་ཀྱིས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ཚོགས་དཔོན་འོགམ་གི་གོ་གནས་ཀྱི་དོན་ལུ་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ཨིན་མས།

རྒྱལ་ཡོངས་ཚོགས་འདུ་གི་ ཨམ་སྲུའི་འདེམས་ངོ་ གཞོན་ཤོས་ཀྱི་བསམ་འཆར།

༉ དུས་ཅི་ སྤྱི་ཚོགས་༣་པའི་རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་ནང་ལས་ ཨམ་སྲུའི་འདེམས་ངོ་༧་བཙག་འཐུ་སྒྲུབ་སྟེ་ཡོདཔ་ཨིན།

སློབ་གྲྭ་ནང་ལུ་ ཟས་བཅུད་ཡར་དྲག་བཏང་ནི་གི་ཐབས་ལམ།

༉ བསམ་རྩེ་རྫོང་ཁག་ བདུན་ཆུ་ཁ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ལུ་ ཟས་བཅུད་ཡར་དྲག་བཏང་ནི་གི་དོན་ལས་ བྱ་གསོ་སྐྱོང་འབད་ནི་འགོ་བཙུགས་ཏེ་ ད་རེས་ ཟླཝ་༧་དེ་ཅིག་ འགྱོ་དོ་ཡོདཔ་ཨིན་མས།

བདེ་སྲུང་གི་ མ་དངུལ་ལོག་སྤྱོད་འབད་མི་ལུ་ འཁྲུན་ཆོད་བཏོན་ཡོདཔ།

༉ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ བསྟན་སྲུང་དམག་སྡེའི་འགོ་དཔོན་༢དང་དམག་སློབ་༡ལུ་ བདེ་སྲུང་གི་མ་དངུལ་ དངུལ་ཀྲམ་འབུམ་༦དང་སྟོང་ཕྲག་༥༥ལྷགཔ་ཅིག་ ལོག་སྤྱོད་འབད་ཡོད་པའི་ ཉེས་པ་ལས་བརྟེན་ཏེ་ བཙོན་ཁྲིམས་ལོ་རེ་གི་ འཁྲུན་ཆོད་བཏོན་ཏེ་འདུག