
༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་གྱིས་ ཁ་ཙ་ པདྨ་དགའ་ཚལ་རྫོང་ཁག་གི་ མི་སེར་ཚུ་དང་གཅིག་ཁར་འཕྱད་པའི་སྐབས་ མི་སེར་ཚུ་ལུ་ ཚོགས་རྒྱན་འདི་ ཚོགས་པ་ལུ་མེན་པར་ འདེམས་ངོ་ལུ་བལྟ་སྟེ་ བསྐྱུར་དགོཔ་སྦེ་སླབ་སྟེ་འདུག
འདི་བཟུམ་སྦེ་ ཁོ་གིས་ སྤྱིར་བཏང་བཙག་འཐུའི་ནང་ལུ་ མི་ཚུ་གིས་ ཚོགས་པ་ག་གི་འདེམས་ངོ་ཨིན་ན་མ་བལྟ་བར་ འདེམས་ངོ་ཚུ་གི་ལྕོགས་གྲུབ་ལུ་བལྟ་སྟེ་ ཚོགས་རྒྱན་བསྐྱུར་དགོཔ་སྦེ་ སླབ་བྱིན་ནུག
ད་རུང་ ཁོ་གིས་ སྲིད་དོན་ཚོགས་པ་གསརཔ་ལུ་ ཕྱག་ཞུ་ནི་གི་གོ་སྐབས་བྱིན་དགོཔ་སྦེ་ཡང་ སླབ་སྟེ་ཡོདཔ་མ་ཚད་ མི་ཚུ་གིས་ སྲིད་དོན་ཚོགས་པ་གཅིག་ལུ་རང་ རྒྱབ་སྐྱོར་འབད་དེ་སྡོད་པ་ཅིན་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ནང་ལུ་ ཐོ་ཕོག་འོང་ཟེར་ཡང་ བཤད་དེ་འདུག
འདི་ཡང་ ཁོ་གིས་བཀོད་མི་ནང་ པདྨ་དགའ་ཚལ་རྫོང་ཁག་ནང་ལས་ འབྲུག་ཕུན་སུམ་ཚོགས་པ་རྐྱངམ་ཅིག་མ་གཏོགས་ གཞན་མི་སྲིད་ཚོགས་ག་གིས་ཡང་ རྒྱལ་ཁ་ཐོབ་ནི་གི་གོ་སྐབས་རང་མེདཔ་ལས་ འདི་གིས་ རྫོང་ཁག་འདི་ནང་ལུ་ ཡར་རྒྱས་གོང་འཕེལ་འདི་ཡང་ ཕར་ཕུད་སུ་མཚམས་ཅིག་སྦེ་ ལུས་འོང་ཟེར་ཨིན་མས།
འགོ་ཐོག་བཙག་འཐུ་གི་སྐབས་ལུ་ ཤར་ཕྱོགས་རྫོང་ཁག་ནང་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་མཐོ་ཤོས་ཐོབ་སྟེ་ཡོད་མི་དང་འབྲེལ་ འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུ་གི་དོན་ལུ་ སྐུལ་བསྒྲགས་ཀྱི་ལས་རིམ་འདི་ ཤར་ཕྱོགས་ཁ་ཐུག་ལས་ འགོ་བཙུགས་ནི་སྦེ་ གྲོས་ཐག་བཅད་ནུག
འདི་ཡང་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་གྱིས་འབད་བ་ཅིན་ ངོ་མ་རང་ གཅིག་སྒྲིལ་དང་གཅིག་མཐུན་ཚུ་ གསལ་སྟོན་འབད་ནི་གི་དོན་ལུ་ཨིནམ་སྦེ་བཤད་ཅི།
སྤྱི་ལོ་༢༠༠༨ལས་ སྤྱི་ཚོགས་ཀྱི་བཙག་འཐུ་ཚུ་འགོ་འདྲེན་འཐབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ པདྨ་དགའ་ཚལ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་རང་ རྒྱབ་སྐྱོར་མཐོ་ཤོས་སྦེ་ […]
སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨ | Posted in
གནས་ཚུལ་གཞན། |
Read More »

༉ བཙག་འཐུ་གི་སྐབས་ལུ་ མི་སེར་ཚུ་གིས་ ཁོང་རའི་ཚོགས་རྒྱན་འདི་ ག་ལུ་བཙུགས་ནི་ཨིན་ན་དང་ ག་ཅི་འབད་བཙུགས་དགོཔ་ཨིན་ན་ ཤེས་ནི་གི་དོན་ལུ་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ཚུ་ ཧ་གོ་དགོཔ་འདི་ ཁག་ཆེཝ་སྦེ་རང་འཐོན་ཏེ་འདུག
སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨ | Posted in
གནས་ཚུལ་གཞན།,
སྲིད་དོན། |
Read More »

༉ གསོ་བའི་ལྷན་ཁག་གིས་ བང་ལ་དེཤ་གཞུང་གི་ནང་ལས་ དགོས་མཁོ་ཆེ་བའི་སྨན་རིགས་ འགོ་དང་པ་འདི་ ད་རིས་ ཐོབ་ནུག
སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨ | Posted in
གནས་ཚུལ་གཞན། |
Read More »

༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་གྱིས་ ཁ་ཙ་ པདྨ་དགའ་ཚལ་རྫོང་ཁག་གི་ མི་སེར་ཚུ་དང་གཅིག་ཁར་འཕྱད་པའི་སྐབས་ མི་སེར་ཚུ་ལུ་ ཚོགས་རྒྱན་འདི་ ཚོགས་པ་ལུ་མེན་པར་ འདེམས་ངོ་ལུ་བལྟ་སྟེ་ བསྐྱུར་དགོཔ་སྦེ་སླབ་སྟེ་འདུག
སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨ | Posted in
གནས་ཚུལ་གཞན།,
སྲིད་དོན། |
Read More »

༉ སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ ཁ་ཙ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ནང་ལས་ མ་དངུལ་ལོག་སྤྱོད་འབད་ཡོད་པའི་གནད་དོན་གྱི་ཐད་ཁར་ གདོང་བཤེར་སྙན་གསན་འདི་ འགོ་འདྲེན་འཐབ་ནུག
སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨ | Posted in
གནས་ཚུལ་གཞན། |
Read More »

༉ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ འཕྲོག་བཅོམ་ཁག་ལེ་ཤ་ཅིག་རང་ འབད་དེ་ཡོད་པའི་དོགས་པ་ལས་བརྟེན་ཏེ་ འདས་པའི་བདུན་ཕྲག་གི་ གཟའ་སྤེནམ་ལུ་ སློབ་ཕྲུག་༥བཟུང་ནུག
སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨ | Posted in
གནས་ཚུལ་གཞན། |
Read More »

༉ ཤེས་རིག་ལྷན་ཁག་གིས་ ད་རིས་ ཡུ་ཨེསི་དང་རྒྱ་གར་ལུ་ ཤེས་ཡོན་སྦྱང་སྡོད་པའི་སྐབས་ ཁྱད་དུ་འཕགས་པའི་ གྲུབ་འབྲས་བཏོན་ཚུགས་ཏེ་ཡོད་མི་ སློབ་ཕྲུག་༣ལུ་ གསེར་གྱི་རྟགས་མ་བྱིན་ཏེ་འདུག
སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨ | Posted in
གནས་ཚུལ་གཞན། |
Read More »

༉ ཐིམ་ཕུག་ལུ་ སྣུམ་འཁོར་བཞག་སའི་ སྒྲིང་ཁྱིམ་རྐྱབ་འཕྲོ་སྦེ་ཡོད་མི་གཉིསཔོ་འདི་ ད་རེས་ཀྱི་ཟླཝ་ནང་ལུ་ བསྒྲུབ་དགོཔ་ཅིག་ཨིན་རུང་ དུས་ཅི་ སྤྱི་ཟླ་༡༢པ་ཚུན་ཚོད་ལུ་ ཕར་ཕུད་རྐྱབ་སྟེ་འདུག
སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༨ | Posted in
གནས་ཚུལ་གཞན། |
Read More »

༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་སླབ་མི་ནང་ ཤུལ་མའི་ཟླཝ་ནང་འགོ་འདྲེན་འཐབ་ནི་ཨིན་མི་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ནང་ལས་ ཁོང་གི་ཚོགས་པ་འདི་ བཙག་འཐུ་གྲུབ་པ་ཅིན་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ ཉུང་ཤོས་རང་ བློན་པོ་གསུམ་བཀོད་འོང་ཟེར་ཨིན་མས།
སྤྱི་ཟླ་༩ པའི་ཚེས་ ༢༧ ༢༠༡༨ | Posted in
གནས་ཚུལ་གཞན།,
སྲིད་དོན། |
Read More »

༉ ད་རིས་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ རྩི་རང་ གསེར་གྱི་ཐང་རྩི་རང་སྟོད་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་གཅིག་ཁར་འཕྱད་པའི་སྐབས་ ག་དེ་ཅིག་སྦེ་ ཁོང་གི་ཚོགས་པ་འདི་བཙག་འཐུ་གྲུབ་པ་ཅིན་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་འདི་ མེདཔ་སྦེ་བཟོ་ནི་གི་འཆར་གཞི་ཡོད་ཟེར་ཨིན་མས།
སྤྱི་ཟླ་༩ པའི་ཚེས་ ༢༧ ༢༠༡༨ | Posted in
གནས་ཚུལ་གཞན།,
སྲིད་དོན། |
Read More »