རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༨

Archive for: སྤྱི་ཟླ་༨ པའི་ཚེས་, ༢༠༡༨

སྤྱི་སྙོམ་འཛོམས་འདུ་ཚུ་ནང་ལས་ཕར་ བཅའ་མར་གཏོགས་མི་མང་ཤོས་ཅིག་རང་ ཨམ་སྲུ་ཚུ་འོང་དོ་ཡོདཔ།

༉ སྲིད་དོན་ཚོགས་པ་ནང་ལུ་ ཨམ་སྲུའི་ངོ་ཚབ་འཐོན་མི་འདི་ དེ་ཅིག་རང་མེདཔ་ཨིན་རུང་ བཙག་འཐུ་དང་འབྲེལ་བའི་ལས་རིམ་ནང་ལུ་ ཨམ་སྲུ་བཅའ་མར་གཏོགས་མི་འདི་ ལེ་ཤ་སྦེ་རང་ འཐོན་དོ་ཡོདཔ་ཨིན་མས།

འབྲུག་གིས་ གིརིན་ཀེལེ་མེཊི་ཕཱནཌ་ལས་སྡེ་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༤༠ལྷགཔ་ཅིག་གི་གྲོས་འཆར། 

༉ འབྲུག་ལུ་ གནམ་གཤིས་འགྱུར་བའི་གནོད་པ་ཚུ་འབྱུང་ནི་ལས་ མར་ཕབ་དང་གྲ་སྒྲིག་འབད་ནི་གི་དོན་ལུ་ མ་འོངས་པའི་གཞི་རྟེན་གོང་འཕེལ་དང་ སྐྱེལ་འདྲེན་གྱི་ལམ་ལུགས་འདི་ གནམ་གཤིས་དང་མཐུན་འགྱུར་ཡོདཔ་སྦེ་ བཟོ་དགོ་ནི་ཨིན་མས།

གླངམོ་ཆེ་རུ་ཁག་གཅིག་གིས་ ཁྱིམ་གུང་པ་༤གི་བྱཱ་ཞིང་ཚུ་ མེདཔ་བཏང་སྟེ་ཡོདཔ།

༉ དགེ་ལེགས་ཕུག་རྒེད་འོག་ དཔལ་རི་ཐང་ཁ་སྟོད་ལུ་ གཟའ་པ་སངས་ཀྱི་དྲོ་པ་ ཆུ་ཚོད་ཕྱེད་ད་༤དེ་ཅིག་ཁར་ གླངམོ་ཆེ་རུ་ཁག་གཅིག་འཐོན་ཏེ་སྦེ་ ཁྱིམ་གུང་པ་༤གི་ བྱཱ་ཞིང་ཌིསི་མཱལ་༣༠དེ་ཅིག་དང་ རྡོག་མ་ཤིང་དང་ གཞན་མི་ཤིང་འབྲས་ཚུ་ མེདཔ་བཏང་སྟེ་འདུག

ཀརྨ་གླིང་རྒེད་འོག་ནང་ལུ་ རོང་ཆུ་ཚུ་གུ་ལས་ཟམ་དགོཔ་འདི་ ཁག་ཆེཝ་སྦེ་རང་འཐོན་ཏེ་ཡོདཔ།

༉ དར་དཀར་ན་རྫོང་ཁག་ ལྷ་མོའི་རྫིང་ཁ་དྲུང་ཁག་འོག་གི་ ཀརྨ་གླིང་རྒེད་འོག་གི་མི་སེར་ཚུ་ གནམ་བྱཱར་གྱི་དུས་ལུ་ ཕར་ཚུར་རྒྱུན་འགྲུལ་འཐབ་ནི་འདི་ ཉེན་ཁ་ཅན་གྱི་གནས་སྟངས་ཅིག་ལུ་ འགྱུར་ཏེ་འདུག

གནས་སྐབས་གཞུང་གི་གྲོས་དཔོན་སྤྱི་ཁྱབ་ བིམསི་ཊེཀ་གི་ཞལ་འཛོམས་དོན་ལུ་ བྱོན་ཡོདཔ།

༉ གནས་སྐབས་གཞུང་གི་གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ཚེ་རིང་དབང་ཕྱུག་འདི་ གཟའ་ཕུརཔ་གི་དྲོ་པ་ སྦལ་བུ་གྱི་རྒྱལ་ས་ ཀཊ་མཱན་གྲུ་ལུ་ཕེབས་གནང་ཡོདཔ།

རི་ཆང་ལུ་གཡུས་ཚན་གྱི་ སོ་ནམ་ཞིང་ལམ་བསུབ་སྟེ་ ཟླཝ་དག་པ་ཅིག་ལང་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ རི་ཆང་ལུ་གཡུས་ཚན་གྱི་ སོ་ནམ་ཞིང་ལམ་བསུབ་སྟེ་སྦེ་ ཟླ་ངོ་དག་པ་ཅིག་ལང་སོངཔ་ཨིན་མས།

དབང་བཙོང་འདོད་སྤྱོད་འབད་ཡོད་པའི་དོགས་པ་ལུ་བརྟེན་ རྒྱ་གར་གྱི་ཕོ་སྐྱེས་གཅིག་བཟུང་ཡོདཔ།

༉ རྒྱ་གར་ལས་ སྐྱེ་ལོ་༢༡ལང་མི་ ཕོ་སྐྱེས་གཅིག་གིས་ ལོ་ན་མ་སྨིན་པའི་ འབྲུག་པའི་བུམོ་ཅུང་གཅིག་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཞག་སྟེ་འདུག

ལམ་སྦིས་ལམ་འགྱོ་ས་སྤྱི་འོག་གི་ སྤྱི་སྙོམ་འཛོམས་འདུ་ནང་ལུ་ མི་ཉུང་སུ་ཅིག་ལས་བརྒལ་མ་འོངམ།

༉ བསམ་རྩེ་རྫོང་ཁག་ ནོར་བུ་སྒང་རྒེད་འོག་གི་ ལམ་སྦིས་ལམ་འགྱོ་ས་སྤྱི་འོག་ནང་ལུ་ སྤྱི་སྙོམ་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ མི་༢༩ལས་བརྒལ་མ་འོང་མི་ལུ་བརྟེན་ཏེ་ སྲིད་དོན་ཚོགས་པའི་ངོ་ཚབ་ཚུ་ སེམས་ཕམ་འབྱུང་སྟེ་ཡོདཔ་ཨིན་མས།

ལོ་༣༥གི་ཤུལ་ལས་ ཨ་ལུ་འགོ་དང་པ་སྐྱེ་བ་ཅིན་ སྟབས་མ་བདེཝ་འཐོན་ནི་གི་ ཉེན་ཁ་ཡོདཔ།

༉ གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཨམ་སྲུ་ཚུ་གིས་ ཨ་ལུ་སྐྱེ་ནི་གི་ལོ་ཚད་ངོ་མ་འདི་ སྐྱེས་ལོ་༢༡དང་༣༥གི་བར་ན་འབདཝ་ལས་ འདི་ལས་ ཕྱི་སོང་པ་ཅིན་ སྟབས་མ་བདེཝ་ཚུ་ འཐོན་ནི་གི་ཉེན་ཁ་ཡོདཔ་སྦེ་ཨིན་མས།

ས་གནས་ཨོ་སེ་ལུ་ གཞུང་ལམ་བསུབ་སྟེ་ཡོད་མི་འདི་གིས་ གཞལ་སྒང་གི་ཚོང་པ་ཚུ་ལུ་ ཐོ་ཕོག་སྟེ་ཡོདཔ།

༉ དགེ་ལེགས་ཕུག་དང་ གཞལ་སྒང་གི་བར་ན་ ས་གནས་ཨོ་སེ་ལུ་ གཞུང་ལམ་བསུབ་སྟེ་ཡོད་མི་འདི་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ཡོད་མི་ལུ་བརྟེན་ གཞལ་སྒང་ལུ་ ཚོང་འབྲེལ་འཐབ་ནི་ནང་ ཐོ་སྦོམ་སྦེ་རང་ཕོག་སྟེ་འདུག