རྫོང་ཁ། | ཨིང་ལིཤ། གཟའ་སྤེན་པ། ༢༠༡༨ ཟླ་༡༡ པའི་སྤྱི་ཚེས་༡༦

Archive for: སྤྱི་ཟླ་༦ པའི་ཚེས་, ༢༠༡༨

རང་ལུགས་གྱོན་ཆས་ཀྱི་ ལམ་ལུགས།

༉ གཞལ་སྒང་རྫོང་ཁག་ཚོགས་འདུ་གིས་ བགོ་དང་དཀྱི་ར་གྱོན་དགོ་པའི་ ལམས་ལུགས་གུ་ལུ་ གྲོས་ཐག་བཅད་དེ་ ཟླཝ་དྲུག་ལྷག་ཅིག་འགྱོ་སྟེ་ཡོད་རུང་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་མ་ཚུགས་པར་འདུག

ཕོ་སྐྱེས་ཅིག་གིས་ མི་༢ བསད་པའི་ཉེས་པ་ལུ་བརྟེན་ ཚེས་༢ ཕོག་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ སྐྱེས་ལོ་༤༦་ལང་མི་ དཀར་མདོག་་གིས་ ཀུན་དགའ་རབ་བརྟན་ལུ་ ཨང་རྒས་དང་ཚ་བོ་ བསད་ཡོད་པའི་ཉེས་པ་ལས་བརྟེན་ཏེ་ ད་རིས་ ཚེ་བཙོན་གཉིས་ཕོག་པའི་འཁྲུན་ཆོད་བཏོན་ཏེ་ཡོདཔ་ཨིན།

རྒྱུ་དངོས་དབྱེ་དཔྱད་ཀྱི་དོན་ལུ་ དོ་དམ་འོག་ལུ་བཞག་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དམ་ཆོས་ཆོས་སྒྲོན་འདི་ རྒྱུ་དངོས་ག་དེ་སྦེ་གྲུབ་གྲུབ་ཨིན་ན་ མ་ཤེས་པའི་དོགས་པ་ལས་བརྟེན་ཏེ་ དོ་དམ་འོག་ལུ་བཙུགས་ནུག

འབྲུག་ལུ་ འབྲི་ལྷག་ཤེས་ཡོན་གྱི་ གནས་ཚད་ཡར་སེང་།

༉ འབྲུག་གི་མི་རློབས་དང་ཁྱིམ་གྱི་ གྲངས་རྩིས་ཀྱི་སྙན་ཞུ་༢༠༡༧་ཅན་མ་དང་འཁྲིལཔ་ད་ རྒྱལ་ཁབ་ནང་ལུ་ འདས་པའི་ལོ་ངོ་༡༢་ཀྱི་རིང་ སྐྱེས་ལོ་༦་དང་ འདི་གི་ཡན་ཆད་འབད་མི་ཚུ་ལུ་ འབྲི་ལྷག་ཤེས་ཡོན་གྱི་ གནས་ཚད་འདི་ བརྒྱ་ཆ་༡༢་མ་ལངམ་ཅིག་གིས་ ཡར་སེང་སོང་སྟེ་འདུག

སྐྱབས་རྗེ་རྗེ་མཁན་ དགེ་བཤེས་དགེ་འདུན་རིན་ཆེན་མཆོག་གི་ ཞིང་ལུ་ཕེབས་ཏེ་ མི་ལོ་༢༡འཁོར་བའི་ རྗེས་དྲན་བརྩི་སྲུང་།

༉ ཐིམ་ཕུག་ལུ་ ཁ་ཙ་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༦༩པ་ དགེ་བཤེས་དགེ་འདུན་རིན་ཆེན་མཆོག་ ཞིང་ལུ་ཕེབས་ཏེ་ མི་ལོ་༢༡འཁོར་བའི་ རྗེས་དྲན་བརྩི་སྲུང་ཞུ་ཡི།

ལོ་ལྔ་འཆར་གཞི་༡༢ པའི་ནང་ལུ་ དངུལ་ཕོག་ཡར་སེང་འབད་ཚུགས་པའི་རེ་འདོད།

༉ ཁ་ཙ་ བློན་ཆེན་དྲག་ཤོས་ཚེ་རིང་སྟོབས་ཀྱིས་ སྤྱི་ཚོགས་ལྷན་བཞུགས་ནང་ལུ་ རྒྱལ་ཁམས་ཀྱི་གནས་སྟངས་སྙན་ཞུ་གསལ་ཞུ་ཕུལ་མི་དང་འབྲེལ་ཞུ་མི་ནང་ འཆར་གཞི་༡༢་པའི་ཟིན་བྲིས་འདི་ ཆ་གནས་འགྱོ་ཅིན་ ཞི་གཡོགཔ་ཚུ་གིས་ ཤུལ་མའི་ལོ་ལྔ་འཆར་གཞི་ནང་ལུ་ དངུལ་ཕོག་ཡར་སེང་ ཐོབ་ནི་བཟུམ་ཅིག་ཡོདཔ་སྦེ་ཨིན་མས།

མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ནང་ལུ་ གྲུབ་འབྲས་སྦོམ་སྦེ་འཐོན་ཡོདཔ།

༉ བློན་ཆེན་དྲག་ཤོས་ཚེ་རིང་སྟོབས་ཀྱིས་ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ལུ་ རྒྱལ་ཁམས་ཀྱི་གནས་སྟངས་སྙན་ཞུ་གསལ་ཞུ་ཕུལ་བའི་སྐབས་ལུ་ ལོ་ལྔ་འཆར་གཞི་༡༡་པའི་ནང་ལུ་ འཆར་དངུལ་ཡོངས་སྡོམ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༢༢༥་གི་འབད་ས་ལས་ རྒྱུན་སྐྱོང་ཟད་འགྲོ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༡༡༥་བཏང་ཡོདཔ་ད་ འདི་གི་དོན་ལུ་ ཟད་འགྲོ་ག་རང་ ནང་འཁོད་འོང་འབབ་ནང་ལས་ བཏོན་ཚུགས་ཅི་ཟེར་ཞུ་ཡི།

འབྲུག་པའི་སེཊ་ལའིཊ་ གནམ་སྟོང་པའི་ནང་ལུ་ བཏང་ནི་ཨིནམ།

༉ བྷུ་ཊན་ཝཎ་ཟེར་མི་ འབྲུག་པའི་སེཊ་ལའིཊ་འགོ་དང་པ་འདི་ ནངས་པ་ཕྱི་རུ་ ཡུ་ཨེས་ཀྱི་ཁྲོམ་ཚོགས་ ཕོ་ལི་ཌ་ལས་སྦེ་ གནམ་སྟོང་པའི་ནང་ལུ་ བཏང་ནི་ཨིན་མས།

ཆུ་བྱག་རྐྱབ་ནི་གི་ས་གོ་དང་འབྲེལ་བའི་ ཁ་ཉེས་ཀྱི་གནད་དོན།

༉ འབྲུག་ཕུན་སུམ་ཚོགས་པ་གིས་སླབ་མི་ནང་ བློན་ཆེན་གྱིས་ ཚོགས་པ་འདི་ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་དང་པའི་ ཆུ་བྱག་རྐྱབ་ནི་གི་ས་གོ་འདི་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་དང་ གྲོས་བསྟུན་མ་འབད་བར་ ཚོགས་པ་རང་རྐྱང་གིས་ གྲོས་ཐག་བཅད་དེ་ སྤོ་སོར་འབད་དེ་ཡོདཔ་སྦེ་ ཁ་ཉེས་བཀལ་མི་འདི་ མི་བདེན་ཟེར་ཨིན་མས།

ཟླཝ་༨ ཀྱི་ནང་ལུ་ ཨེཌིས་འཐོབ་མི་གསརཔ་༢༧ བརྟག་དཔྱད།

༉ རྒྱལ་ཁབ་ནང་ལུ་ ན་ཧིང་ སྤྱི་ཟླ་༡༡་པའི་ནང་ལས་ འགོ་བཙུགས་ཏེ་ ད་རེས་ཟླཝ་གི་ནང་འཁོད་ ནད་གཞི་ ཨེཌིསི་་ཐོབ་མི་གསརཔ་༢༧་བརྟག་དཔྱད་འབད་ནུག